མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་ཟླ་3ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3སྟེང་འཚོག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་2ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2སྟེང་བསྡུས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ་3ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3སྟེང་མི་དམངས་ཚོགས་ཁང་ཆེ་མོ་ནས་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་དང་། ཟླ་3ཚེས་14ཉིན་གྱི་ཕྱི་དྲོར་ཚོགས་འདུ་མཇུག་བསྡུས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་རེད།
          མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་བྱུང་ཡོད་ཅིང་། སྲིད་གྲོས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ། མཇུག་སྒྲིལ་ཚོགས་འདུ། ཚང་འཛོམས་གྲོས་ཚོགས་གཞན་དག་ཚང་མ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྒོ་དབྱེ་རྒྱུ་ཡིན་པ་རེད།