མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨུ་ཡོན་ཀྲའོ་ཅེ་ཀོང་གིས་གྲངས་གཞི་ཆེན་པོ་སྤྱད་དེ་གནད་སྨིན་དབུལ་སྐྱོར་ལ་སྐུལ་
འདེད་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         སྤྲིན་རྩིས་དུས་རབས་སུ་སླེབས་པ་དང་ཆབས་ཅིག་གྲངས་གཞི་ཆེན་པོར་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད། ད་ལྟའི་གྲངས་གཞི་ཆེན་པོའི་སྟེགས་བུ་དེས་དབུལ་སྒྲོལ་འགག་སྒྲོལ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཡིག་ཚགས་དང་གཱ་བཟོ་བ་དང་། མི་འབོར་དབུལ་པོ་འཕྱུགས་མེད་གཏན་འཁེལ། དབུལ་པོར་འགྱུར་རྐྱེན་དབྱེ་ཞིབ། གནད་སྨིན་དབུལ་སྐྱོར་ལག་བསྟར་སོགས་ཐད་གྲངས་གཞི་ཆེན་པོར་དགེ་མཚན་ཆེན་པོ་ལྡན་ཡོད། དེ་སྔའི་རོགས་སྐྱོར་བྱ་ཆེད་རོགས་སྐྱོར་བྱེད་པའི་རྨོངས་ཚོད་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་སྟེ་གྲངས་གཞི་ཆེན་པོར་བརྟེན་ནས་ས་ཁུལ་དབུལ་པོའི་ལེགས་ཆའི་ཐོན་ལས་རྣམ་གྲངས་འཚོལ་བ་དང་འདེགས་སྐྱོར་ཧུར་ཐག་བྱས་ནས་སྒུལ་རྣམ་ཅན་དང་གནད་སྨིན་ཅན་གྱི་རོགས་སྐྱོར་དངོས་སུ་མངོན་འགྱུར་ཐུབ་པ་བྱེད་དགོས།
         དངུལ་རྩའི་གྲངས་གཞི་ཆེན་པོར་དབྱེ་ཞིབ་དང་སྔོག་འདོན་བྱས་ན། ཁེ་ལས་དང་། སྒེར་གཉེར་ཚོང་དུད། ཞིང་དུད་བཅས་ཀྱི་དངུལ་བུན་གཡར་བ་དང་མ་དངུལ་སྤྱོད་པའི་གནས་ཚུལ་ཡང་དག་ངང་ཁོང་དུ་ཆུད་ཐུབ། དེའི་ནང་ནས་གཅིག་ནས་ཡིད་རྟོན་གནས་ཚུལ་རྟོགས་ཐུབ་ལ་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཡང་རྟོགས་ཐུབ། ཁྲལ་དོན་གྲངས་གཞི་ཆེན་པོར་དབྱེ་ཞིབ་དང་སྔོག་འདོན་བྱས་ན། ཁེ་ལས་དང་སྒེར་གཉེར་ཚོང་དུད་ཀྱི་ཁྲལ་འཇལ་གནས་ཚུལ་ཡང་དག་ངང་ཁོང་དུ་ཆུད་ཐུབ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་གྲངས་གཞི་ཆེན་པོར་དབྱེ་ཞིབ་དང་སྔོན་འདོན་བྱས་ན། ཁེ་ལས་ཀྱི་མི་སྣ་དང་། གླ་ཆ། སྤྱི་ཚོགས་འགན་བཅོལ་འཇལ་དངུལ་སོགས་ཀྱི་གནས་ཚུལ་ཡང་དག་ངང་ཁོང་དུ་ཆུད་ཐུབ། སྡེ་ཚན་དེ་གཉིས་ཀྱི་གྲངས་གཞི་ཆེན་པོ་ཕྱོགས་བསྡུས་བྱས་ཚེ་ཁེ་ལས་ཀྱི་གཞི་ཁྱོན་དང་། མྱུར་ཚད། ཕན་འབྲས། འཕེལ་རྒྱས་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་རྟོགས་ཐུབ། གྲངས་གཞི་ཆེན་པོར་དབྱེ་ཞིབ་དང་སྔོག་འདོན་གཏིང་ཟབ་བྱས་ན། ས་ཁུལ་དབུལ་པོར་ལེགས་ཆེའི་ཐོན་ལས་དང་དེ་བཞིན་འགྲན་ནུས་ལྡན་པའི་ཁེ་ལས་འཚོལ་ཐུབ། དེ་རྗེས་ཐོན་ལས་དང་ཁེ་ལས་དེ་དག་སྐྱེད་སྲིང་བྱས་ཚེ་ས་ཁུལ་དབུལ་པོ་ཐོན་ལས་གསར་སྤེལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ།
          གྲངས་གཞི་ཆེན་པོ་གང་ལེགས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། མིག་སྔའི་ད་ཡོད་དང་ཁ་ཐོར་གྱི་སྟེགས་བུ་མི་འདྲ་བའི་འབྲེལ་ཡོད་གྲངས་གཞི་བསྡུ་སྒྲིལ་གང་མགྱོགས་བྱེད་དགོས། གྲངས་གཞི་ཆེན་པོ་དེ་དག་གཙོ་བོ་ཁྲལ་དོན་སྡེ་ཚན་དང་། མི་ཤུགས་ཐོན་ཁུངས་སྡེ་ཚན། ཞིང་ལས་སྡེ་ཚན། དངུལ་རྩའི་སྡེ་ཚན། གློག་རྡུལ་ཚོང་པའི་སྟེགས་བུ་སོགས་གྲངས་གཞིའི་མཛོད་དང་དཔྱད་གཞིའི་མཛོད་དུ་ཉར་ཚགས་བྱས་ཡོད། སྲིད་གཞུང་ལ་གྲངས་གཞི་ཆེན་པོ་རྟོགས་པའི་ཆེད་ལས་ཤེས་ལྡན་མི་སྣ་ཁག་གཅིག་གཅིག་སྡུད་སྒྲིག་འཛུགས་བྱས་ཏེ་ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་ཁོངས་གཏོགས་ཀྱི་ས་ཁུལ་དབུལ་པོའི་གྲངས་གཞི་ཆེན་པོར་དབྱེ་ཞིབ་དང་སྔོག་འདོན་གཏིང་ཟབ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། དེ་ལྟར་བྱུང་ཚེ་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་དང་། ཤང་(གྲོང་རྡལ)དབུལ་པོ། གྲོང་ཚོ་དབུལ་པོ་བཅས་ཀྱི་དབུལ་པོར་འགྱུར་རྐྱེན་འཚོལ་ཐུབ་ལ་ས་གནས་དེ་གའི་ལེགས་ཆེའི་ཐོན་ལས་དང་རྐང་འཛིན་འགྲན་ནུས་ལྡན་པའི་ཁེ་ལས་བཙལ་འཚོལ་ཐུབ་ནས་དམིགས་སའི་རང་བཞིན་གྱི་སྒོ་ནས་རོགས་སྐྱོར་བྱེད་ཐུབ།