མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་
ཐེངས་གཉིས་པ་བསྡུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་3ཚེས་10ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་བསྡུས་པ་དང་། ཨུ་ཡོན་15ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་དུ་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཞུགས་ཡོད་པ་རེད།
         ཐེངས་འདིའི་ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞི་ནི་ཏུའུ་ཆིན་ལིན་དང་། ལུའོ་ཧྥུ་ཧོ། ཁྲེང་ཡུན། ཝང་ཅ་རུའེ། ཁྲེང་ཞའོ་ཀོང་། མ་ཕའེ་ཧྭ་བཅས་ཡིན་པ་དང་། མ་ཕའེ་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་དག་གིས་ཚོགས་ཆེན་གྱི་གཏམ་བཤད་ལ་གསན་པ་རེད།