མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

         མི་དམངས་དྲ་བའི་འཕྲིན། དམངས་གཙོ་གྲོས་མོལ་བྱས་ནས་མཐུན་ཆ་གཅིག་ཏུ་སྒྲིལ། ཡིད་ཆེས་བརྟན་པོའི་ངང་ནས་འཕེལ་རྒྱས་དོན་གཉེར་བྱེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་14ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཕུང་། ཁྲེང་ཡོན། ལུའུ་ཀྲན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེང་ཝུའེ། མཱ་པེའོ། ཆི་ཞུས་ཁྲུན། ཁྲེང་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཕུང་། ཝང་ཆན་མེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         ཕྱི་དྲོའི་ཆུ་ཚོད་3པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་པ་དང་། ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཕེབས་དགོས་པའི་ཨུ་ཡོན་2214ཡོད་པ་དང་དེ་རིང་ཚོགས་འདུར་ཨུ་ཡོན་2101ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞི་ཞིབ་བཤེར་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད་པ་རེད།
          ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས་གསུངས་དོན། ཚོགས་འདུའི་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་པ་དང་། རིགས་ཁོངས་ཁག་གི་ཚོགས་ཆུང་ནང་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཏེ་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་ལ་གྲོས་ཞིབ་གནང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་སྲིད་སྐྱོང་སྟངས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་ནན་ཏན་བསྟར་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ཡིག་ཆ་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་གནང་ཐོག་དོན་ཆེན་ལ་གྲོས་བསྡུར་གྱིས་ཐབས་ཇུས་བཟང་པོ་བཏོན་པས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚོགས་འདུས་དམངས་གཙོ་དང་། མཐུན་སྒྲིལ། དོན་གཉེར། འབད་འབུངས་བཅས་མཐའ་འཁྱོངས་ཀྱིས་མི་དམངས་སྲིད་གྲོས་དེ་ཉིད་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་བསྟར་མཁན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྐུལ་སློང་རྒྱ་ཁྱབ་བྱེད་མཁན་ཞིག་རེད།
         ཡུས་ཀྲེང་ཧྲེང་གིས་མཛུབ་སྟོན་གནང་དོན། འབྱོར་འབྲིང་སྤྱི་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་པ་དང་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་དོན་གཉེར་ལྷོད་མེད་བྱེད་ལུགས་མཚོན་གྱི་ཡོད། དུས་ཡུན་རིང་པོའི་ནང་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་བརྒྱུད་ང་ཚོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་ཤར་ཡོད། ལོ་རྒྱུས་ཀྱི་ཡོལ་ཁེབས་ཆེན་པོ་ཕྱེ་ཟིན་པས་དཀའ་ཚེགས་ཆེ་བའི་ལས་འགན་ང་ཚོ་མི་རབས་འདིའི་ཕྲག་ཐོག་ཏུ་བབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷན་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བཏིང་པའི་དངོས་པོའི་རྨང་གཞི་བརྟན་པོ་བཅས་ཡོད་པས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རླབས་ཆེན་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ང་ཚོས་སྔ་བར་ཕྱི་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་དགོས་པ་ཞིག་ལ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་བསྒུགས་ནས་བྱུང་བ་ཞིག་མིན་པས་ངེས་པར་དུ་དད་སེམས་དང་ངེས་ཤུགས་བརྟན་པོ་བསྲུངས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་གོམ་སྟབས་བརྟན་ལ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་13ལ་ཕན་འདོགས་པའི་འབྱོར་འབྲིང་ཞིག་ཡིན་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་པས་ངེས་པར་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོ་ཤོས་ངང་མཐུན་ཆ་གཅིག་སྒྲིལ་དང་། བློ་གྲོས་གཅིག་འདུས། སྟོབས་ཤུགས་གཅིག་སྒྲིལ། རྒྱལ་ངེས་ཀྱི་ཡིད་ཆེས་དང་ཆེར་སྐྱེད་ཀྱི་བློ་སྟོབས། འབད་བརྩོན་ཏན་ཏིག་བཅས་ཀྱི་ཐོག་ནས་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་གཏོད་དགོས།
         ཡུས་ཀྲེང་ཧྲེང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་དམ་པོར་དམིགས་ཏེ་ཇུས་ཤུགས་མཉམ་འདོན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་རང་རྟོགས་ངང་སྲུང་བརྩི་ཞུས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་སྲོག་ཤིང་དུ་བརྩིས་ཏེ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་ལ་ཐོག་མཐའ་བར་གསུམ་དུ་དམ་པོར་དམིགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཕེལ་རྒྱས་ཆེད་ཇུས་ཤུགས་མཉམ་འདོན་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་གཙོ་རྐང་དུ་བརྩི་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཀའ་གནད་ཀྱི་གནད་དོན། གསར་གཏོད་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གནད་དོན་ལ་དམ་པོར་དམིགས་པ། བརྟག་ཞིབ་གཏིང་ཟབ་དང་། གཅིག་སྡུད་སྲིད་གྲོས། ལྟ་སྐུལ་ནུས་ལྡན་བཅས་བྱས་ནས་ཡང་དག་གནད་འཕིགས་ཀྱི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་འདོན་དགོས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་བསྡུ་སྒྲིལ་བྱས་ཏེ་མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་རྩ་འཛུགས་ཡིན་པའི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རླབས་ཆེན་བྱ་གཞག་མཉམ་དུ་གཏོད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གྲོས་ཀྱི་གོ་དོན་རྟོགས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གྲོས་བྱེད་མཁས་པ་བཅས་བྱེད་པ། སྐད་ཆ་བདེན་པ་ཤོད་པ་དང་། ཐབས་མཆོག་འདོན་པ། བྱ་ཐབས་དངོས་འདོན་རྒྱུ་མཐའ་འཁྱོངས་བྱེད་པ། དོན་དངོས་དང་མཐུན་པའི་འདོད་ཚུལ་འདོན་པ་དང་ཐལ་སྐྱོད་ཀྱི་འདོད་ཚུལ་བཀག་འགོག་བྱེད་པ། ཏན་ཏན་ཏིག་ཏིག་ངང་སྤྱོད་ཚུལ་ངན་པ་སྤོང་བ། སྲིད་གྲོས་ཀྱི་ལས་དོན་ཁྲོད་རང་འགན་གཙང་སྒྲུབ་བྱེད་པ། རང་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་པ། རིགས་ཁོངས་མང་ཚོགས་ཁྲོད་དཔེ་སྟོན་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།