མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་ངོ་དེབ་ཀུང་སིའི་སྲོལ་གཏོད་པ་ཀྲ་ཁེ་པོ་ཀེར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་ངོ་དེབ་ཀུང་སིའི་སྲོལ་གཏོད་པ་ཀྲ་ཁེ་པོ་ཀེར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིང་དུ་ངོ་དེབ་ཀུང་སིའི་སྲོལ་གཏོད་པ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཀྲ་ཁེ་པོ་ཀེར་མཇལ་འཕྲད་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་དྲ་སྦྲེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་གསར་པ་ཞིག་རེད། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་པ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་དྲ་སྦྲེལ་གྱི་འཕེལ་རྒྱས་བཅོས་སྒྲིག་གི“རྩ་དོན་བཞི”དང“འདོད་ཚུལ་ལྔར”ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོའི་དྲ་སྦྲེལ་ལོ་20ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་བཅོས་སྐྱོང་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད། ངོ་དེབ་ལ་སྔོན་ཐོན་ལག་རྩལ་དང་དོ་དམ་བྱེད་ཐབས་ལྡན་པས་ཀྲུང་གོའི་དྲ་སྦྲེལ་ཁེ་ལས་དབར་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་མཉམ་སྤྱོད་བྱེད་པ། ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་བཅས་བྱས་ནས་དྲ་སྦྲེལ་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་དེ་བས་ལེགས་པའི་ངང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་འདོགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཀྲ་ཁེ་པོ་ཀེས་ཀྲུང་གོའི་དྲ་སྦྲེལ་གྱི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཀྲུང་གོ་ནི་དྲ་སྦྲེལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་གྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། ང་ཚོས་དེ་བས་ལེགས་པའི་ངང་ཀྲུང་གོ་ཤེས་རྟོགས་དང་ངོ་སྤྲོད་བྱས་ཏེ་ཀྲུང་གོ་དང་མཉམ་དུ་དྲ་སྦྲེལ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།