མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་དུ་མུ་འབྲེལ་འཇིགས་སྐུལ་འཇབ་
རྒོལ་ཐེབས་པའི་དོན་རྐྱེན་སྐོར་པེར་ཀྲེན་རྒྱལ་ཁབ་ཀྱི་རྒྱལ་པོ་ཧྥེ་ལི་ཕུའུ་
ལ་འཚམས་འདྲིའི་གློག་འཕྲིན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེར་ཀྲེན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རུ་སེར་དུ་མུ་འབྲེལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་སྐོར་པེར་ཀྲེན་རྒྱལ་ཁབ་ཀྱི་རྒྱལ་པོ་ཧྥེ་ལི་ཕུའུ་ལ་འཚམས་འདྲིའི་གློག་འཕྲིན་གནང་ཞིང་། འཇབ་རྒོལ་གྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད་རྐྱེན་ལམ་དུ་ཤོར་བ་ཚོར་སྙིང་ཐག་པ་ནས་མྱ་ངན་ཞུས་པ་དང་། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་ཚོའི་ཁྱིམ་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་དུ་འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་སྤྱི་ཚོགས་ཡོངས་ཀྱི་སྤྱི་དགྲ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་མདུན་དུ་ལྷགས་པའི་འཇིགས་སྐུལ་ཞིག་ཀྱང་རེད། ཀྲུང་གོའི་ཕྱོགས་ཀྱིས་པེར་ཀྲེན་རྒྱལ་ཁབ་དང་མཉམ་དུ་བདེ་འཇགས་ཡོང་བ་དང་འཇིགས་སྐུལ་ལ་རྒོལ་བའི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་དུ་རྒྱལ་སྤྱིའི་སྤྱི་ཚོགས་སེམས་ཤུགས་གཅིག་སྒྲིལ་དང་རྩ་ལག་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་མཐའ་དག་ལ་ངོ་རྒོལ་བྱས་ནས་ཀྲུང་པེར་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།