མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཁྱབ་བསྒྲགས་བྱས་པ་་ལྟར་ན། ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཙེ་མན་གྱི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ་3ཚེས་28ཉིན་ནས་ཚེས་30ཉིན་བར་ཅེ་ཁེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
ཨ་མེ་རི་ཁ་མང་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའོ་པ་མའི་གདན་ཞུ་ལྟར། ཟླ་3ཚེས་31ཉིན་ནས་ཟླ་4ཚེས་1ཉིན་བར་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་འཚོག་རྒྱུའི་འི་སྐབས་བཞི་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ལ་ཞུགས་རྒྱུ་རེད།