མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་ཐོག་འཕེལ་རྒྱས་
གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང་《འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་
འཕེལ་རྒྱས་འཆར་འགོད་རྩ་གནད་》ལ་གྲོས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་《དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང་《འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་མཐོར་འདེགས་བྱས་པ་དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ཁྲོད་རྒྱལ་ཁབ་འབྱོར་ཕྱུག་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་ཕན་ཚུན་གཅིག་གྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ཕན་ཚུན་ལྟ་རྟོག་དང་རྒྱལ་ཁབ་འབྱོར་ཕྱུག་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་འདོམས་འཆར་འགོད། མཐུན་སྦྱོར་ངང་སྐུལ་འདེད། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད། མཉམ་འདྲེས་ཆུ་ཚད་མཐོར་གཏོང་། རྨང་གཞི་དང་། ཐོན་ལས། ཚན་རྩལ། སློབ་གསོ། སྤྱི་ཚོགས་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་དང་། དོ་སྙོམས་ངང་འཕེལ་རྒྱས། བསྟུན་མཁས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་ཁབ་དང་། དམག་དཔུང་། མི་དམངས་བཅས་ལ་ཕན་པའི་འཐབ་ཇུས་ཆེན་པོ་ཞིག་ཡིན་པས། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ངོས་འཛིན་བྱེད་པ་དང་བསམ་བློ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་འབྲེལ་དམག་དམངས་མཉམ་འདྲེས་ཀྱི་འདུ་ཤེས་དང་བླང་བྱ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཐོག་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། ཁྱབ་ཁོངས་མང་བ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་གཏིང་ཟབ་པའི་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་པ་བྱེད་དགོས།
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྒྱུར་བཅོས་ཀྱི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོགས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་འདྲེས་ལ་ཚོད་འཛིན་བཟོ་མཁན་གྱི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་ཟླ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་མེད་པ་བཟོས་ཏེ་རིགས་པའི་གཞུང་ལུགས་དང་། ཚན་རྩལ། དོ་དམ། ལག་ལེན་སོགས་ཐད་ཀྱི་གསར་གཏོད་བྱེད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་དང་ས་གནས་ཀྱི་དམག་དམངས་མཉམ་འདྲེས་ཀྱི་འགོ་ཁྲིད་སྒྲིག་གཞི་འཛུགས་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཡག་པོ་བཟོས་ཏེ་དམག་དམངས་མཉམ་འདྲེས་ཀྱི་ཁྲིམས་སྐྱོང་འགན་ལེན་མ་ལག་འཛུགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་དོན་ཁག་སྤྱི་འདོམས་ཐོག་སྐུལ་འདེད་བཏང་ནས་འགན་འཁྲི་དང་། བྱེད་ཐབས། དོན་འཁྱོལ་བཅས་དམིགས་སར་འཁྱོལ་བ་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། འབྲེལ་ཡོད་བཅའ་ཁྲིམས་ཞིབ་འཇུག་བྱས་ནས་བཟོ་བ་དང་བཟོ་བཅོས་རྒྱག་རྒྱུར་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་དེ་འབྲི་ཆུ་རྒྱུག་ཁུལ་དུ་ཁྱབ་པ་བྱེད་དགོས། ལྕག་སྐུལ་ལམ་སྲོལ་ཁ་གསལ་ཡོང་བ་བྱས་ཏེ་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་སྒྱུར་བཅོས་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་ཐད“སྣོན་ཐབས”དང་རྗེས་ལུས་ཀྱི་ཐོན་ནུས་ལྷག་འཕྲོ་དོར་བའི་ཐད“འཕྲི་ཐབས་ཀྱི་བྱེད་ཐབས་སྤྱད་ནས་ལྗང་མདོག་དང་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།
         ཚོགས་འདུའི་ཐོག་སྣོད་བཅུད་སྲུང་སྐྱོང་གི་ཆ་རྐྱེན་འོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། སྤྱི་འདོམས་བྱེད་ཚད་དང་ཁྱོན་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་གི་ཕན་འབྲས་མཐོ་རུ་གཏོང་དགོས། འབྲི་ཆུ་རྒྱུག་ཁུལ་གྱི་ནུས་པ་ཡག་ཤོས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ལས་བགོས་མཉམ་ལས་དང་གོ་རིམ་ལྡན་པའི་ངང་གནས་སྤོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་། སྤྱི་འདོམས་འཆར་འགོད། ཁྱོན་ཡོངས་ལ་སྐུལ་འདེད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འབྲི་ཆུའི་དཔལ་འབྱོར་ཁུལ་དེ་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་དང་། འགྲིམ་འགྲུལ་དེ་བས་ཤར་གཏོང་། དཔལ་འབྱོར་དེ་བས་མཐུན་སྦྱོར། ཁྲོམ་ར་དེ་བས་གཅིག་གྱུར། ལམ་སྲོལ་དེ་བས་ཚན་རིག་དང་མཐུན་པ་བཅས་ཀྱི་དཔལ་འབྱོར་ཁུལ་ཡག་ཤོས་ཤིག་ཏུ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།