མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

         མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡ་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་མུའུ་ཐུའུ་ལི་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཨའེ་སུའུ་ལུའོ་གཉིས་ཀྱིས་གདན་ཞུ་གནང་བ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་ནས་ཚེས་26ཉིན་བར་ཁེན་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་གནང་ཞིང་། རྒྱལ་ས་ནེ་རོ་པི་གྲོང་ཁྱེར་དུ་ཁེན་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེན་ཡ་ཐ་ལ་མཇལ་འཕྲད་གནང་བ་དང་། ཁེན་ནི་ཡ་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་མུའུ་ཐུའུ་ལི་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཨེ་སུའུ་ལུའོ་གཉིས་ལ་ཡང་སྔོན་རྗེས་སུ་གྲོས་མོལ་གནང་བ་རེད།