མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དངུལ་ཁང་གིས་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་ལམ་ལུགས་བཟོས་ནས་
ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་25ཉིན་གནས་ཚུལ་སྤེལ་བའི་ནང་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་ལམ་ལུགས་བཟོ་རྒྱུ་དང་ཆེད་མངག་ས་ཁུལ་དབུལ་པོའི་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པའི་གཏན་འབེབས་བྱས་ཤིང་། དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་ཐད་ཞིང་སྐྱོར་དངུལ་བུན་ལས་ཀྱང་སྐྱེད་ཀ་དམའ་བ་དང་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་སྤྱོད་ཡུན་རིང་དུ་འོས་འཚམ་བཏང་སྟེ་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་དབུལ་སྐྱོར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུར་མ་གནས་དེ་བས་དམའ་བ་དང་དུས་བཀག་ཅུང་རིང་བའི་མ་དངུལ་ཡོང་ཁུངས་མཁོ་འདོན་བྱ་རྒྱུ་རེད།
         མི་དམངས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་མ་དངུལ་དེ་ནོར་སྲིད་མ་དངུལ་ལ་བརྩི་མི་རུང་། ས་ཁུལ་དབུལ་པོའི་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་ངེས་པར་དུ་ཚོང་ལས་རྒྱུན་མཐུད་རྩ་དོན་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་མ་དངུལ་སྤྱད་དེ་ཞིང་འབྲེལ་དངུལ་བུན་གཏོང་བ་དང་རང་བདག་གཉེར་སྐྱོང་དང་ཉེན་ཁ་རང་ཉིད་ཀྱིས་ཁུར་བ་དང་འབྲེལ་དུས་བཀག་ལྟར་གྲངས་ཚད་ལོན་པའི་ངང་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་གི་མ་གནས་དང་སྐྱེད་ཀ་སྤྲོད་དགོས་པའི་ནན་བཤད་བྱས་པ་རེད།
         འགན་འཁུར་བ་དེས་མི་དམངས་དངུལ་ཁང་གིས་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་བཏང་བའི་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་མ་དངུལ་ཚང་མ་ས་ཁུལ་དབུལ་པོའི་ཞིང་འབྲེལ་དངུལ་བུན་ལ་སྤྱོད་དགོས་པ་དང་འབྲེལ་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དུད་ཚང་དབུལ་པོ་ལས་ཞུགས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་མཁན་ཁེ་ལས་དང་གྲོང་གསེབ་མཉམ་ལས་ཁང་ལ་སྔོན་ལ་སྤྲད་ནས་ས་ཁུལ་དབུལ་པོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་པོའི་མི་འབོར་ལས་གཏོད་ལས་ཞུགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་མ་དངུལ་སྤྱད་དེ་ཞིང་འབྲེལ་དངུལ་བུན་གཏོང་ཚད་གཏན་འཁེལ་འོས་འཚམ་བྱས་ནས་ས་ཁུལ་དབུལ་པོའི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།