མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཚན་རྩལ་མཐུན་ཚོགས་ཀྱི་མ་ལག་སྒྱུར་བཅོས་
གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཚན་རྩལ་མཐུན་ཚོགས་ཀྱི་མ་ལག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་ནན་པོ་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།
     《ཇུས་གཞིའི་》ནང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བརྒྱུད་ལས་ཁུངས་རྣམ་པ་དང་། སྲིད་འཛིན་རྣམ་པ། སྐུ་དྲག་རྣམ་པ། རོལ་རྩེད་རྣམ་པ་སོགས་མང་ཚོགས་དང་ཁ་བྲལ་བའི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་རྒྱུའི་བརྩོན་ལེན་བྱེད་པ་དང་། ཁོངས་གཏོགས་རིག་གཞུང་ལྷན་ཚོགས་འཕེལ་རྒྱས་དང་ཞབས་འདེགས་ཞུ་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ལས་དོན་སྒྲུབ་ཐབས་ཆ་འཕྲིན་ཅན་དང་། རྩ་འཛུགས་མ་ལག་དྲ་རྒྱ་ཅན། བཅོས་སྐྱོང་བྱ་ཐབས་དེང་རབས་ཅན་བཅས་སྐས་རིམ་གསར་པར་སླེབས་པ། ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་དེ་བས་མངོན་གསལ་དོད་པ། སྒོ་དབྱེའི་རྣམ་པ་དང་། ལྟེ་བའི་རྣམ་པ། ལས་སྟེགས་རྣམ་པ་བཅས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོང་བ། ཚན་རྩལ་ལས་དོན་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་གཏོང་། ཏང་ཨུད་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་བཅས་ལ་ཞབས་འདེགས་ཞུ་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་ཏང་གི་འགོ་ཁྲིད་འོག་རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་དང་མཐུན་སྒྲིལ་འབྲེལ་གཏུག་བྱེད་མཁན་གྱི་མི་དམངས་ཚོགས་པ་ཞིག་ཏུ་དངོས་སུ་གྱུར་བ་དང་། ཚན་རྩལ་རིགས་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་རྫས་མཁོ་འདོན་བྱེད་མཁན་གྱི་སྤྱི་ཚོགས་རྩ་འཛུགས་སུ་གྱུར་བ། རྒྱལ་ཁབ་གསར་གཏོད་མ་ལག་གི་གྲུབ་ཆ་གལ་ཆེན་ཏུ་གྱུར་བ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན་པ་རེད།