མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཅི་ལིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ“སྐབས་དོན་གསར་འགྱུར་གྱི་སློབ་
ཚན”བཀོད་སྒྲིག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གྱི་སྔ་དྲོ་སྤེལ་བའི་ཅི་ལིན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་དུ“སྐབས་དོན་གསར་འགྱུར་གྱི་སློབ་ཚན”བཀོད་སྒྲིག་བྱེད་པའི་ཚོད་ལྟའི་ལས་དོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི“གུས་ལུགས་དང་ཀུན་སྤྱོད་ལྡན་པའི”འདུ་འགོད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་དེས་འདི་ལོའི་ཟླ་བ་བཞི་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ“སྐབས་དོན་གསར་འགྱུར་གྱི་སློབ་ཚན”བཀོད་སྒྲིག་བྱ་རྒྱུའི་སློབ་གསོའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་འབྲེལ“སྨྱན་སྦྱོར་གསར་པའི་ཀུན་སྤྱོད་སློབ་གསོ་གསར་གཏོད་མཉམ་འདྲེས་འདུ་འགོད”ཞིང་ཆེན་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ཅི་ལིན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་དུ“སྐབས་དོན་གསར་འགྱུར་གྱི་སློབ་ཚན”གཟའ་འཁོར་རེར་ཐེངས་རེ་འཚོག་རྒྱུ་དང་། སློབ་ཚན་སྐར་མ་10ནས་15བར་འཚོག་རྒྱུ་མ་ཟད། སློབ་ཚན་གྱི་བརྗོད་དོན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་གོའི་ཕུགས་འདུན་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་གསུམ་ལ་དབྱེ་རྒྱུ་ཡིན་པ་རེད།