མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཉིང་ཞ་ཡིས་གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཉིང་ཞ་ཡིས་ཉེ་ཆར་བཏོན་པའི་《གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱ་ཐབས་》གཞིར་བཟུང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་གྲོང་གསེབ་དགེ་རྒན་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རི་ཁུལ་དུ་མི་རེར་ཟླ་རེར་ཆ་སྙོམས་སྒོར་200ནས་སྒོར་500བར་མཐོ་རུ་གཏོང་རྒྱུ་དང་། ཡིང་ཁྲོན་ཁུལ་དུ་མི་རེར་ཟླ་རེར་ཆ་སྙོམས་སྒོར་120ནས་སྒོར་300བར་མཐོ་རུ་བཏང་སྟེ་ཤང་གྲོང་ལས་དོན་པའི་ཁ་གསབ་སྡོམ་རྗེས་གྲོང་གསེབ་དགེ་རྒན་གྱི་ཁ་གསབ་མཐོ་ཤོས་སྒོར་1100དང་དམའ་ཤོས་སྒོར་500ཟིན་གྱི་ཡོད།