མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་ལས་བྱེད་པ་234ཡིས་ཀྲུང་
དབྱང་ཚན་པར་གནས་སྦྱར་སྦྱོང་བརྡར་བྱེད་པར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་2016ལོའི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་གནས་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་ཟླ་3ཚེས་28ཉིན་པེ་ཅིང་དུ་འཚོགས་པ་རེད། ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ་དང་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ཁུལ་བཅས་ཀྱི་ཞིང་ཆེན་18དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ནས་ཡོང་བའི་གནས་སྦྱར་ལས་བྱེད་པ་234ཀྲུང་དབྱང་ཚན་པའི་གསོ་སྦྱོང་ནང་ཞུགས་པ་རེད།
         དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་གནས་སྦྱར་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། མི་རིགས་ཀྱི་གནད་དོན་དང་རྒྱལ་ཁབ་ཀྱི་བདེ་འཇགས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད། ཚན་རྩལ་གསར་གཏོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་ནང་དོན་ཆེད་དོན་སློབ་སྦྱོང་བྱ་རྒྱུ་རེད། གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་རྗེས་གནས་སྦྱར་ལས་བྱེད་པ་ཚོ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གཙོ་བོ་87དུ་ལོ་གཅིག་རིང་གནས་སྦྱར་སྦྱོང་བརྡར་བྱེད་པར་འགྲོ་རྒྱུ་རེད།
         ཀྲུང་དབྱང་པུའུ་ཨུད་གསུམ་གྱི་འགན་འཁུར་བློ་མཐུན་གསོ་སྦྱོང་འཛིན་གྲྭར་ཞུགས་ནས། གནས་སྦྱར་ལས་བྱེད་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ལས་དོན་དེ་1990ལོར་འགོ་བཙུགས་ཤིང་། ད་བར་ཁྱོན་ལས་བྱེད་པ་8500ལྷག་ཙམ་གནས་སྦྱར་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།