མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཅི་ལིན་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཅི་ལིན་དུ་བརྟག་ཞིབ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཅི་ལིན་དུ་བརྟག་ཞིབ་གནང་སྐབས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚེས་28ནས་30ཉིན་བར་ཡུས་ཀྲེང་ཧྲེང་གིས་ཅི་ལིན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་དང་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁེ་ལས་ཀྱི་འཁོར་ཁང་དང་། གཞི་རིམ་སྡེ་ཁུལ། མི་རིགས་གྲོང་ཚོ་དང་གྲོང་རྡལ། སློབ་གྲྭའི་སྨན་ཁང་བཅས་སུ་སྔ་རྗེས་སུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་དང་ལྷན་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་ཇུས་བཟང་བཏིང་བ་རེད། བརྟག་ཞིབ་གནང་རིང་ཡུས་ཀྲེང་ཧྲེང་གིས་ད་དུང་ཅི་ལིན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པ་རེད།
          གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཡུས་ཀྲེང་ཧྲེང་གིས་སྔ་བར་ཕྱི་གསུམ་དུ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཡན་ཅི་གྲོང་ཁྱེར་པེ་ཧྲན་ཁྲོམ་གཞུང་ཏན་ཧྲན་སྡེ་ཁུལ་དུ་ཁོང་གིས་སྡེ་ཁུལ་ལས་བྱེད་པ་དང་ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཕན་ཞབས་ཞུ་སྒྲུབ་ཚུལ་སོགས་མཁྱེན་རྟོགས་གནང་བ་དང་། ཡུས་ཀྲེང་ཧྲེང་གིས་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཆེ་ཤོས་ནི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རེད། ཡན་པན་གྱི་མི་རིགས་ལས་དོན་སྔ་བར་ཕྱི་གསུམ་དུ་ཡག་པོ་བསྒྲུབས་པས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ལ་ཐེངས་ལྔ་བསྟུད་མར་བདམས་ཡོད། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་དང་ཡུན་རིང་སྤེལ་ནས་རྣམ་ཀུན་ནས་མཐོང་ཆེན་དང་། སྙིང་གཏམ་ཤོད་རེས་བྱ་རྒྱུར་མཐོང་ཆེན། བྱ་སྤྱོད་སྤེལ་རྒྱུར་མཐོང་ཆེན། གཞི་རིམ་ལ་མཐོང་ཆེན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་ཕན་ཚུན་མཛའ་གཅུགས་དང་། བརྩི་འཇོག དགའ་ཞེན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ། དབུལ་སྐྱོར་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

༄༅།།ཡུས་ཀྲེང་ཧྲེང་གིས་ཅི་ལིན་དུ་བརྟག་ཞིབ་གནང་བ།