མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་ལྷན་དུ་སི་ཐེ་ལ་ཧོ་ཧྥུའུ་དཔེ་མཛོད་ཁང་
ལ་གཟིགས་སྐོར་གནང་བ་དང་འབྲེལ་ཞལ་གྱེས་གླེང་མོལ་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་གྱི་ཕེབས་རོགས་འོག་ཕུ་རག་ཏུ་སི་ཐེ་ལ་ཧོ་ཧྥུའུ་དཔེ་མཛོད་ཁང་ལ་གཟིགས་སྐོར་གནང་བ་རེད།
         ཞིས་ཅིན་ཕིང་དཔེ་མཛོད་ཁང་དུ་འབྱོར་སྐབས། ཙུང་ཐུང་ཙེ་མན་གྱིས་དཔེ་མཛོད་ཁང་གི་སྒོ་འགྲམ་དུ་ཕེབས་བསུ་ཞུས་ནས་མཉམ་དུ་གཟིགས་སྐོར་གནང་བ་རེད། དཔེ་མཛོད་ཁང་གི་འགོ་འཛིན་གྱིས་ཞིས་ཅིན་ཕིང་ལ་དཔེ་མཛོད་ཁང་ནང་ཉར་ཚགས་བྱས་པའི་ཀྲུང་གོ་དང་ཅེ་ཁེའི་དབར་གྱི་འགྲོ་འོང་སྤེལ་རེས་སྐོར་གྱི་དཔེ་དེབ་ངོ་སྤྲོད་གནང་ཞིང་། གཟིགས་སྐོར་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དཔེ་མཛོད་ཁང་གི་ཕྱིར་ཕེབས་ནས་ཕུ་རག་གི་མཛེས་ལྗོངས་ལ་གཟིགས་པ་རེད།
          ཞིས་ཅིན་ཕིང་གིས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་དང་རྩ་ཆེའི་རིག་གནས་དེ་ལྟ་བུ་མཐོང་བའི་གོ་སྐབས་དངོས་གནས་དཀོན་པོ་རེད། ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་པ་དེ་ནི་ཅེ་ཁེའི་མི་དམངས་ལ་དབང་བའི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཀྲུང་གོ་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། ང་ཚོ་རྒྱལ་ཁབ་གཉིས་དབར་ཤེས་དཔལ་ཐད་ཕན་ཚུན་དཔེ་ལྟ་རེས་དང་རིག་གནས་སྤེལ་རེས་ཐད་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། ཀྲུང་གོ་དང་ཅེ་ཁེ་ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་དམངས་ཀྱི་འདོད་བློ་དང་མཐུན་པའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།
         གཟིགས་སྐོར་མཇུག་སྒྲིལ་རྗེས་ཞིས་ཅིན་ཕིང་དང་ཙེ་མན་རྣམ་གཉིས་བྱམས་བརྩེའི་ངང་ཞལ་གྱེས་གླེང་མོལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ང་ད་ཐེངས་ཅེ་ཁེར་འཚམས་འདྲི་བྱེད་སྐབས་ཅེ་ཁེ་དང་ཅེ་ཁེའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་ཚོར་བྱུང་། འཚམས་འདྲི་བྱེད་རིང་ངས་ཙུང་ཐུང་ཙེ་མན་དང་མཛའ་གྲོགས་ཀྱི་སྤེལ་རེས་ཟབ་མོ་ཐེངས་མང་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེ་ཕྱོགས་དང་མཐོ་རིམ་དབར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཅེ་ཁེའི་འབྲེལ་བའི་ལེའུ་གསར་པ་ཞིག་གཏོད་འདོད་ཡོད་ཅེས་གསུངས་པ་རེད།