མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཝ་ཧྲིང་ཐོན་དུ་ཕེབས་འབྱོར་ཟིན་ནས་ཉིང་རྡུལ་བདེ་འཇགས་ཀྱི་དབུ་ཚོགས་
སྐབས་བཞི་པར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་02ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་ཝ་ཧྲིང་ཐོན་དུ་ཕེབས་འབྱོར་ཟིན་ནས་ཉིང་རྡུལ་བདེ་འཇགས་ཀྱི་དབུ་ཚོགས་
སྐབས་བཞི་པར་ཞུགས་རྒྱུ་ཡིན་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཕེབས་འབྱོར་ཟིན་པ་དང་ཨ་རིའི་ཙུང་ཐུང་ཨོ་པ་མའི་གདན་ཞུ་ལྟར་ཉིང་རྡུལ་བདེ་འཇགས་ཀྱི་དབུ་ཚོགས་སྐབས་བཞི་པར་ཞུགས་རྒྱུ་རེད།
         ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད་7པ་ཙམ་ལ་ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཨན་ཏེ་ལུའུ་སི་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་པ་རེད། ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་སྐས་འཛེགས་འགྲམ་དུ་ཕེབས་བསུར་བཅར་ཡོད་པ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་ཕེབས་རོགས་ཞུ་མཁན་ཡང་དུས་གཅིག་ཏུ་གནམ་གྲུ་གཅིག་ནང་འབྱོར་བ་རེད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐན་ཁའེ་ཡང་གནམ་གྲུ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
         སྐབས་འདིའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི“རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་ལ་ཤུགས་སྣོན་རྒྱག་དགོས”ཞེས་པ་དེ་ཡིན། ཞིས་ཅིན་ཕིང་དབུ་ཚོགས་ཀྱི་དངོས་གཞིའི་བྱེད་སྒོ་ཚང་མར་ཞུགས་རྒྱུ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་སྟེ་ཉིང་རྡུལ་བདེ་འཇགས་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་མངོན་གསལ་དུ་མཚོན་པར་བྱ་རྒྱུ་རེད། དབུ་ཚོགས་ལ་ཞུགས་རིང་ཞིས་ཅིན་ཕིང་གིས་ད་དུང་གདན་ཞུས་ལྟར་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་རྒྱལ་ཁབ་དྲུག་པོའི་ལམ་སྲོལ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུར་ཞུགས་རྒྱུ་རེད།
         ཞིས་ཅིན་ཕིང་ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཝ་ཧྲིང་ཐོན་དུ་ཕེབས་འབྱོར་ཟིན་པ་ཞིག་རེད། ས་གནས་དེ་གའི་དུས་ཚོད་ཚེས་30ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་ཅེ་ཁེའི་རྒྱལ་ས་ཕུ་རག་ནས་ཞལ་གྱེས་པ་རེད། ཞལ་གྱེས་སྐབས་ཅེ་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ཨའོ་ལ་ལའེ་ཁེ་དང་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་སྨི་ན་རི་སོགས་གནམ་ཐང་དུ་ཕེབས་སྐྱེལ་དུ་བཅར་ཡོད་པ་རེད།