མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨན་ཧུའེ་ཡིས་ས་ཁུལ་དབུལ་པོར“གྲོང་ཚོ་རེར་སྣ་ཁ་རེ”ཁྱབ་གདལ་གཏོང་བའི་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཨན་ཧུའེ་ཞིང་ཆེན་གྱིས་《ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་ཀྱི་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་ནས་ས་ཁུལ་དབུལ་པོའི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ཁུངས་ནུས་ལྡན་ངང་སྤྱད་དེ། “གྲོང་ཚོ་རེར་སྣ་ཁ་རེའི”ཐོན་ལས་ཁྱབ་གདལ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། 2018ལོར་སླེབས་སྐབས་ཆ་རྐྱེན་ལྡན་པའི་གྲོང་ཚོ་དབུལ་པོ་ཚང་མར་ཉུང་མཐར་ཡང་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་1འཕེལ་རྒྱས་གཏོང་རྒྱུ་དང་ངལ་ནུས་ཡོད་པའི་དུད་ཚང་དབུལ་པོ་ཚང་མས་སྤྱིར་ན་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་1གཉེར་དགོས་པ་དང་། 2020ལོར་སླེབས་སྐབས། ཆ་རྐྱེན་ལྡན་པའི་གྲོང་ཚོ་དབུལ་པོ་ཚང་མ“གྲོང་ཚོ་རེར་སྣ་ཁ་རེའི”ཆེད་ལས་གྲོང་ཚོར་འགྱུར་བ་དང་། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་གཉེར་བཞིན་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་ཚང་མའི་ཞིང་ལས་གཉེར་སྐྱོང་ཡོང་འབབ་རང་རྫོང་(གྲོང་ཁྱེར་དང་ཆུས)ཀྱི་ཆ་སྙོམས་ཆུ་ཚད་ཐོག་སླེབས་པ་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
          བསམ་འཆར་ནང་། གཙོ་ཁྲིད་ཁེ་ལས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་གྱིས“གྲོང་ཚོ་རེར་སྣ་ཁ་རེའི”ཆེད་ལས་གྲོང་ཚོ་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱེད་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དུད་ཚང་དབུལ་པོ་དེ་བས་མང་བར་ཞིང་ལས་ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་གི་གནས་འཕར་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱེད་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཐོན་ལས་གཉེར་སྐྱོང་དུད་ཚང་གི་མི་འབོར་དབུལ་པོ་ཚང་མར་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པས་སྐུལ་ཁྲིད་བྱེད་གང་ཐུབ་བྱས་ནས་ས་ཁུལ་དབུལ་པོའི“གྲོང་ཚོ་རེར་སྣ་ཁ་རེའི”ཆེད་ལས་གྲོང་ཚོས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ཚང་མར་ཕྱིར་ཚོང་བྱ་ཡུལ་བརྟན་པོ་ཡོད་པ་བྱེད་པ། དེ་དང་ཆབས་ཅིག་རྫོང་དབུལ་པོ་བྱེད་པོར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་། ཞིང་ལས་འཕེལ་རྒྱས། ཆུ་བེད། ནགས་ལས་སོགས་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བཅས་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད།
          བསམ་འཆར་ནང་བཏོན་པའི་བླང་བྱར་གཞིགས་ན། ཨན་ཧུའེ་ཞིང་ཆེན་རིམ་པའི་ཞིང་ལས་འཕེལ་རྒྱས་དང་འབྲེལ་བའི་རྣམ་གྲངས་དང་། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་འབྲེལ་སྤོ་སྒྱུར་གཏོང་སྤྲོད་རྣམ་གྲངས་དང་མ་འཇོག་འཛུགས་སྐྲུན་རྣམ་གྲངས་དེ་དག་རྒྱུ་རྐྱེན་དབྱེ་བའི་བྱེད་ཐབས་སྤྱད་ནས་གྲོང་ཁྱེར་དང་རྫོང་(གྲོང་ཁྱེར་དང་ཆུས)ལ་བགོ་བཤའ་བརྒྱབ་སྟེ་དབུལ་པོའི་གནས་ཚུལ་རྒྱུ་རྐྱེན་གལ་ཆེན་ལ་བརྩིས་ནས་དབང་ཚད་ལུགས་མཐུན་གཏན་འཁེལ་གྱིས་ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱ་རྒྱུ་རེད། རྫོང་དབུལ་པོས་ནོར་སྲིད་མ་དངུལ་རྣམས་སྒྲིག་བཀོད་ཞིང་ལས་དང་གཞི་ཁྱོན་ལྡན་པའི་གསོ་ཚགས་སོགས་རྣམ་གྲངས་ལ་བཏང་སྟེ་མ་རྐང་ཚད་འབེབས་ཀྱིས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་སྤྲད་དེ་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པས་སྐུལ་ཁྲིད་བྱེད་པའི་ཐད་ཀའི་ཕན་པ་ཐོབ་པ་དང་ཡོང་འབབ་བརྟན་པོའི་འདེབས་འཛུགས་དང་། གསོ་ཚགས། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་རྣམ་གྲངས་ནང་དུད་ཚང་དབུལ་པོ་ཐད་ཀར་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ནགས་དབང་གཏའ་འཇོག་བུན་གཡར་དང་ཞིང་དུད་དབུལ་པོའི་གྲངས་ཉུང་ཡིད་རྟོན་དབུལ་བུན་ལ་སྐུལ་འདེད་གཏོང་བ་དང་སྦྲགས་ནོར་སྲིད་ནས་སྐྱེད་གསབ་བྱ་རྒྱུ་བཅས་རེད།