མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2016ལོའི“ཀྲུང་གོའི་སློབ་གཙོ་བཟང་པོ་འཚོལ་བའི”སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། 2016ལོའི“ཀྲུང་གོའི་སློབ་གཙོ་བཟང་པོ་འཚོལ་བའི”སྤྱི་ཕན་བྱེད་སྒོ་འགོ་འཛུགས་པའི་མཛད་སྒོ་ཉིན་ཤས་གོང་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་འོད་ཟེར་ཉིན་རེའི་ཚགས་པར་གྱིས་གཙོ་གཉེར་བྱས་པ་དང་། 《སློབ་གསོ་མཁས་པའི་》དུས་དེབ་ཁང་དང་འོད་ཟེར་དྲ་བས་གཉེར་འགན་བླངས་པ། ཕྱི་རྒྱལ་དུ་སློབ་སྦྱོང་གི་དུས་དེབ་དང་མི་དམངས་དགེ་རྒན་དྲ་བས་གཉེར་རོགས་བྱས་ཡོད་པ་རེད།
      ཀྲུང་གོའི་སློབ་གཙོ་བཟང་པོ་འཚོལ་བའི་བརྒྱུད་རིམ་ནང་ད་ཐེངས་ཀྱི་བྱེད་སྒོས་སློབ་སྤྱིར་ལྡན་དགོས་པའི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་སྙིང་སྟོབས་ཏེ་ཀྲུང་གོའི་སློབ་གཙོ་བཟང་པོའི“མི་ཚེའི་ལམ་བུ”མངོན་པར་བྱེད་པའི་དམིགས་ཡུལ་ནི་སྔོན་ཐོན་གྱི་འདུ་ཤེས་དང་བསམ་བློ་མཉམ་སྤྱོད་དང་སྣེ་ཁྲིད་བྱ་རྒྱུ་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཀྲུང་གོའི་སློབ་གཙོ་བཟང་པོ་འཚོལ་བའི”བྱེད་སྒོའི་ནང“ཀྲུང་གོའི་སློབ་གཙོ་བཟང་པོ”10དང་། རྩ་འཛུགས་ཨུ་ལྷན་གྱི་མིང་འདོན་བྱ་དགའ་ཐོབ་མཁན་50 བྱེད་སྒོའི་ནང་ཚུད་པའི་བྱ་དགའ་ཐོབ་མཁན་100བཅས་འདེམས་རྒྱུ་རེད། “ཀྲུང་གོའི་སློབ་གཙོ་བཟང་པོ་འཚོལ་བའི”སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་2016ལོའི་དགེ་རྒན་དུས་ཆེན་རིང་པེ་ཅིང་དུ་འཚོག་རྒྱུ་དང་། སྐབས་དེར་བྱ་དགའ་ཐོབ་མཁན་སློབ་གཙོར་གཟེངས་བསྟོད་བྱ་རྒྱུ་རེད། འོད་ཟེར་ཉིན་རེའི་ཚགས་པར་དང་། འོད་ཟེར་དྲ་བ། 《སློབ་གསོ་མཁས་པའི་》དུས་དེབ་བཅས་ཀྱིས་ཆེད་སྒྲིག་པར་ངོས་དང་ཆེད་སྒྲིག་ལེ་ཚན་བཟོས་ནས་བྱ་དགའ་ཐོབ་མཁན་མི་སྣའི་གནས་ཚུལ་རབ་དང་རིམ་པ་སྤེལ་གཏོང་བྱ་རྒྱུ་ཡིན་པ་རེད།