མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀོང་ཤིས་ཀྱིས་ཐེངས་དང་པོར་ཐའེ་དབན་གྱི་གྲངས་ཉུང་མི་རིགས་གདན་དྲངས་ནས"ཀྲོང་
རིགས་ཀྱི་གསུམ་པའི་ཚེས་གསུམ"དུས་ཆེན་དགའ་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པས“ཟླ་གསུམ་ཚེས་གསུམ”གྱི་དུས་ཆེན་མཉམ་དུ་དགའ་གཏོང་བྱེད། ཚེས་6ཉིན་གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཐའེ་དབན་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི“ཀྲོང་རིགས་ཀྱི་གསུམ་པའི་ཚེས་གསུམ”རིང་ཀོང་ཤིས་ཀྱིས་ཐའེ་དབན་ཧྭ་ལེན་དང་། དབྱི་ལན། ཐའེ་ཏུང་སོགས་ས་གནས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་200“2016ལོའི་ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། ཀོང་ཤིས་དང་ཐའེ་དབན་གྱི་གྲངས་ཉུང་མི་རིགས་ཁག‘ཀྲོང་རིགས་ཀྱི་ཟླ་གསུམ་ཚེས་གསུམ’དུས་ཆེན་དགའ་གཏོང་བྱེད་སྒོར”གདན་དྲངས་ནས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཐུན་མོང་ཐོག་ཉམས་སུ་མྱོང་བ་དང་ཀོང་ཤིས་དང་ཐའེ་དབན་ས་གནས་གཉིས་ཀྱི་གྲངས་ཉུང་མི་རིགས་དབར་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་རེད། དེའང་ཀོང་ཤིས་ཀྱིས“ཀྲོང་རིགས་ཀྱི་གསུམ་པའི་ཚེས་གསུམ”དུས་ཆེན་ལ་ཐའེ་དབན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་གདན་དྲངས་ནས་སྤེལ་རེས་བྱེད་ཐེངས་དང་པོ་རེད།
          ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་གྱིས་ད་ཐེངས་གདན་ཞུ་བྱས་པའི་ཐའེ་དབན་གྱི་གྲངས་ཉུང་མི་རིགས་འཐུས་མིའི་ནང་ན་གཞོན་སློབ་མ་དང་། བཟོ་ཚོང་ཁེ་ལས་ཀྱི་མི་སྣ། ཞིང་པ་སོགས་གཞི་རིམ་གྱི་འཐུས་མི་ཡོད་པ་དང་དེ་དག་ཚོགས་པ་ཁག་ལྔ་ལ་བགོས་ནས་ནན་ཉིང་དང་། ཧོ་ཁྲེ། ཀུའེ་ཀང་། ཁྲུང་ཙུའོ་སོགས་གྲོང་ཁྱེར་དུ་བསྐྱོད་དེ“ཀྲོང་རིགས་ཀྱི་ཟླ་གསུམ་ཚེས་གསུམ”གྱི་གླུ་ལེན་འདུ་ཚོགས་དང་ལུའོ་གཡོད་རིག་གནས་ཡུལ་སྐོར་དུས་ཆེན་དང་། པུའུ་ལུའོ་ཐོའུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན། “ཨ་ཅག་ལིའུ་སན་ཅེའི”ལ་གཞས་ཡུལ་སྐོར་རིག་གནས་དུས་ཆེན་སོགས་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་རྒྱུ་མ་ཟད། རྫོང་དང་གྲོང་ཁྱེར་མང་པོར་འཚམས་འདྲི་ཡང་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།