མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནའེ་ཏེ—ཨ་མན་དང་
གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནའེ་ཏེ—ཨ་མན་དང་
གྲོས་མོལ་གནང་བ།

         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གནང་བ།
         མི་དམངས་དྲ་བའི་འཕྲིན།ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཧྲི་ནའེ་ཏེ—ཨ་མན་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གནང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འབྱུང་འགྱུར་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
ཞིས་ཅིན་ཕིང་གིས་སུའེ་ཙེར་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་སུའེ་ཙེར་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཕྱིན་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་དེ་བས་དམ་ཟབ་ཏུ་སོང་བ་དང་ལྷག་དོན་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་གྲུབ་འབྲས་ཧ་ཅང་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་འདྲ་མཉམ་དང་གསར་གཏོད། གཉིས་ཁེ་མཉམ་ལས་ཀྱི་སྙིང་སྟོབས་ཐུན་མོང་ཐོག་སྐྱེད་སྲིང་བྱས་ཡོད་པས་མཉམ་ལས་ཀྱི་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་འདྲ་མཉམ་བརྩི་འཇོག་དང་སྤེལ་རེས་མིག་འཛིན་ནི་སླད་ཕྱིན་ཀྲུང་གོ་དང་སུའེ་ཙེར་དབར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་གྲོས་མོལ་སོགས་ཀྱི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་སྣ་ཚོགས་འཛུགས་པ་དང་དེར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་མཉམ་ལས་ཁྱབ་ཁོངས་སྤྱི་འདོམས་འཆར་འགོད་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གསར་འབྱེད་གསར་གཏོད་ནི་ཀྲུང་གོ་དང་སུའེ་ཙེར་དབར་གྱི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་ཡིན། ཕྱོགས་གཉིས་པོས་རང་མོས་ཚོང་དོན་དང་དངུལ་རྩའི་མཉམ་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་རྨང་གཞིའི་ཐོག་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཀྲུང་གོའི་འཐབ་ཇུས་དང་སུའེ་ཙེར་གྱི་གསར་གཏོད་ལེགས་ཆ་ཟུང་འབྲེལ་གྱིས་རྒྱལ་ཁབ་གཉིས་པོར་གསར་གཏོད་མཉམ་ལས་ཀྱི་ལས་སྟེགས་གཏོད་རོགས་བྱས་ཏེ་ཁེ་ལས་དང་། སློབ་ཆེན། ཚན་ཞིབ་སྒྲིག་གཞི་བཅས་དབར་གསར་གཏོད་མཉམ་ལས་བྱས་ནས་བསྐྱར་སྐྱེས་ནུས་རྒྱུ་དང་། དེང་རབས་སྣོད་བཅུད་ཞིང་ལས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། གསོ་རིག་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བཙུགས་པ་དེས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་མཉམ་ལས་ཐད་དེ་བས་ཡངས་བའི་བར་མཐོངས་བཏོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཀྱང་སུའེ་ཙེར་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་འགོད་མ་འཇོག་དངུལ་ཁང་གི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལས་སྟེགས་དེ་བས་མང་བ་བསྐྲུན་ནས་སློབ་གསོ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ། དགུན་དུས་ལུས་རྩལ། ཡུལ་སྐོར་སོགས་ཀྱི་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲིད་ཇུས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གདོང་གཏུག་ཞི་བའི་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་གཞོལ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངུལ་རྩའི་བཅོས་སྐྱོང་ལ་བློ་གྲོས་ཀྱི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སུའེ་ཙེར་ནི་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གནས་བབ་ཁས་ལེན་མཁན་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ་ཀྲུང་གོ་དང་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་འགོད་མཁན་གྱི་ཡོ་རོབ་སྐམ་ས་ཆེ་མོའི་རྒྱལ་ཁབ་ཐོག་མ་དེའང་ཡིན། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཁྱབ་ཁོངས་ཁག་གི་དམ་པ་དོན་གཉེར་གྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླར་ཡང་སླེབས་རྒྱུར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཧྲི་ནའེ་ཏེ—ཨ་མན་གྱིས་སུའེ་ཙེར་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་ཐོག་མཐའ་བར་གསུམ་དུ་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མ་འཇོག དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་ཧ་ཅང་མྱུར་པོ་བྱུང་ཡོད། སུའེ་ཙེར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་ལག་བསྟར་བྱས་ཚུལ་ཐད་བློ་ཡིད་ཚིམ་པོ་བྱེད་པ་དང་སུའེ་ཙེར་དང་ཀྲུང་གོའི་དབར་གྱི་མཉམ་ལས་དེ་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་གསར་པར་སླེབས་པར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་ཚན་རྩལ་དང་། གསར་གཏོད། ཁོར་ཡུག་སྲུང་སྐྱོང་། དངུལ་རྩ། རིག་གནས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། སུའེ་ཙེར་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལས་རིགས་བདེ་འཇགས་སྐྱོན་བྲལ་དང་། ཐཱན་ཉུང་གྲོང་ཁྱེར་འཛུགས་སྐྲུན། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
         ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་པོས་《གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་རེད།
         གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཧྲི་ནའེ་ཏེ—ཨ་མན་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད།