མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་མར་ཐའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་མར་ཐའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ལ་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཨ་ཧྥེ་རི་ཀ་གླིང་གི་རྒྱལ་ཁབ་གསུམ་ལ་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ལམ་བར་དུ་མར་ཐ་རྒྱལ་ཁབ་བརྒྱུད་དུས་ཝ་ལེ་ཐ་གྲོང་ཁྱེར་དུ་མར་ཐ་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ཧྥ་ལུའུ་ཅ་ལ་མཇལ་འཕྲད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཀྲུང་མ་རྒྱལ་ཁབ་གཉིས་བར་ཡུན་རིང་གི་མཛའ་བརྩེའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་ལ། ཆབ་སྲིད་ཀྱི་ཐོག་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་གྱི་ཐོག་མཉམ་ལས་དམ་པོ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཐོག་སྤེལ་རེས་གཏིང་ཟབ་རྒྱུན་ཆད་མེད་པ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱེད་པའི་ཁྲོད་མར་ཐ་རྒྱལ་ཁབ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཀྲུང་གོའི་ཕྱོགས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་མར་ཐ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱས་ཏེ་ཀྲུང་ཐར་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་། ཚན་རྩལ་དང་། ཉ་ལས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མར་ཐ་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་དང་སྤྱི་ཚོགས་སྡེ་ཁག་ཁག་གི་བར་འབྲེལ་བ་དམ་པོར་བྱེད་པ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་བར་དོན་གཉེར་མཉམ་ལས་རྒྱ་ཇེ་ཆེར་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཏེ་མཉམ་དུ་ཀྲུང་མར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཧྥ་ལུའུ་ཅ་ཡིས་མ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་བཟང་པོ་བྱུང་ཡོད་པ་དང་། མཐོ་རིམ་འགོ་ཁྲིད་བར་འབྲེལ་གཏུག་དམ་ཞིང་མང་པོ་གནང་གི་ཡོད་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཡང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། མར་ཐ་ཕྱོགས་ཀྱིས་ཀྲུང་གོས་མར་ཐ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མར་ཐའི་དབྱི་ཧུའེ་གྲོས་ཚོགས་ཀྱིས་ཀྲུང་གོའི་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་རིམ་པ་ཁག་བར་གྱི་འགྲོ་འོང་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་བར་གྱི་དོན་གཉེར་མཉམ་ལས་ལ་སྐུལ་སྤེལ་བཏང་སྟེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཟམ་མ་ཆད་པར་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེ་མོ་གཅིག་ལྕོགས་ཀྲང་ཆིན་ལི་མཇལ་འཕྲད་གནང་བར་ཞུགས་པ་རེད།

༄༅།།ཡུས་ཀྲེང་ཧྲེང་གིས་མར་ཐའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་ལ་མཇལ་འཕྲད་གནང་བ།