མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་
འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་མཱ་ཁའེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་དང་རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྒྱུར་བཅོས་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པས་ལས་ཀར་སྐུལ་འདེད་གཏོང་བའི་རྣམ་པ་ནུས་ལྡན་ཞིག་ཆགས་ཡོད། སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་གཞི་རྩའི་ཆ་ནས་གྲུབ་སྟེ་མཛུབ་ཁྲིད་བསམ་འཆར་ཁྲིད་སྟོན་དུ་བྱེད་པ་དང་ཡིག་ཆ་འགའ་ཞིག་ལྷན་སྦྱར་བྱས་པའི“1+N”ཡི་སྲིད་ཇུས་མ་ལག་ཅིག་གཏན་འཁེལ་བྱས་ཡོད། སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་གཅིག་མཇུག་གཉིས་མཐུད་ངང་ལག་ལེན་བསྟར་ནས་ཁྱབ་ཁོངས་ཁག་གཅིག་ནང་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་ཡོད། སྒྱུར་བཅོས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལམ་ལུགས་རགས་ཙམ་ཆགས་པ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་རིམ་བཞིན་གྲུབ་ཡོད། སྒྱུར་བཅོས་ལས་བྱུང་བའི་ཕན་འབྲས་དངོས་མངོན་འགོ་ཚུགས་ཏེ་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག ཕན་འབྲས་ལེགས་གཏོང་། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་མཛུབ་སྟོན་བྱས་པ་རེད།
         ཚོགས་འདུའི་ཐོག་འདི་ལོ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་ཡོང་བ་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། གཙོ་གནད་དང་དཀའ་གནད་ལ་དམིགས་ནས་སྒྱུར་བཅོས་ཚོད་ལྟའི་ནང་དོན་བཅུ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཧུར་ཐག་སེལ་དགོས་པ། གསོན་ཤུགས་དང་སྒུལ་ཤུགས་འདོན་སྤེལ་བྱ་རྒྱུར་དམིགས་ནས་རྒྱ་ཆེའི་ཁེ་ལས་མཁས་ཅན་དང་ལས་བཟོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་རྒྱུ་སྔར་བས་ལེགས་སུ་གཏོང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། སྒྱུར་བཅོས་ལ་རྒྱབ་སྐྱོར་དང་། གསར་གཏོད་ལ་ལྕག་སྐུལ། ཚོད་ལྟ་བྱེད་ནོར་ཤོར་ཆོག་པ། ཕམ་ཁར་བདའ་འདེད་ཆེན་པོ་མི་གཏོང་བ་བཅས་ཀྱི་ལམ་སྲོལ་དང་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།