མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་སྤྱད་འབོར་དེ་དུས་
མཚུངས་ལས་4.5%འཕར་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་12ཉིན་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་གྲངས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་2242.1ཟིན་པ་དེ་དུས་མཚུངས་ལས་4.5%(དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་ཁྱབ་ཁོངས་ཀྱི་གཞི་གྲངས་བཅས་ཚུད་མེད)འཕར་ཡོད་པ་རེད།
         ཚོང་དོན་པུའི་གཞི་གྲངས་ཀྱི་ཐོག་ནས་མངོན་པ་ལྟར་ན། དུས་ཚིགས་དང་པོར་རང་རྒྱལ་གྱིས་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་5956ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་1.6%འཕར་ཡོད།
         ཡོང་ཁུངས་གཙོ་བོའི་མ་འཇོག་སྤྱིར་ན་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ་དང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་ཀྱི་རྒྱལ་ཁབ་དག་གིས་ཀྲུང་གོར་མ་དངུལ་གཏོང་ཚད་འཕར་བ་མངོན་ཡོད། ཚོང་དོན་པུའི་གཞི་གྲངས་ཀྱི་ཐོག་ནས་མངོན་པ་ལྟར་ན། “རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་ཀྱི་རྒྱལ་ཁབ་དག་གིས་ཀྲུང་གོར་མ་དངུལ་བཏང་ནས་གསར་དུ་བཙུགས་པའི་ཁེ་ལས་558ཡོད་པ་དེ་དུས་མཚུངས་ལས་21.6%འཕར་བ་དང་། དངོས་སུ་བཏང་བའི་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་18.4ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད།
         ཚོང་དོན་པུའི་གཞི་གྲངས་ཀྱི་ཐོག་ནས་མངོན་པ་ལྟར་ན། ཟླ་3པར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་2560ཟིན་པ་དེ་དུས་མཚུངས་ལས་26.1%འཕར་བ་དང་། དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་823.4ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད།