མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་རིག་དངོས་ལུགས་དང་
མཐུན་ལ་འོས་འཚམ་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རིག་དངོས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་རིག་དངོས་ཁྲོད་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན། མི་རིགས་སྙིང་སྟོབས་འགྲིལ་ནུས་བཅས་འདུས་ཡོད་པས། དེ་ནི་མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག་ཅིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཡག་པོ་གཏོད་པའི་ཉིང་བཅུད་ཅིག་ཀྱང་ཡིན། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ལས་རྗེས་དེང་དུས་འཇོག་ཕན་འབྲས་སྐལ་བརྒྱར་ཐོབ་པའི་བྱ་བཟང་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རིག་དངོས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་རིག་དངོས་སྲུང་སྐྱོབ་དང་། དོ་དམ། བེད་སྤྱོད་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་མོད། འོན་ཀྱང་རང་རྒྱལ་ནི་འཛམ་གླིང་གི་རིག་དངོས་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་མྱུར་པོ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གནས་པར་བརྟེན་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་འགན་འཁྲི་ལྕི་ལ་ལམ་ཐག་རིང་པོ་ཡོད་པ་ང་ཚོས་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལོ་རྒྱུས་རིག་དངོས་ལ་གུས་སེམས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེའང་སྲིད་དོན་བྱས་རྗེས་ལྟ་བུར་བརྩི་བའི་ཚན་རིག་གི་འདུ་ཤེས་འཛུགས་པ་དང་། རིག་དངོས་སྲུང་སྐྱོབ་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་འདོམས་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། ལུགས་མཐུན་བེད་སྤྱོད། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལག་བསྟར་བྱེད་པ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། རིག་དངོས་ལུགས་དང་མཐུན་ལ་འོས་འཚམ་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། རིམ་ཁག་རིག་དངོས་སྡེ་ཚན་གྱིས་ལས་སྐལ་ལ་ངོ་མི་གནོང་བ་ས་སྲུང་འགན་འཁྲི་ཧུར་ཐག་བསྒྲུབས་ནས་བྱང་ཚད་ནུས་པ་དང་ཁྲིམས་ལྟར་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རིག་དངོས་སྲུང་སྐྱོབ་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ཉིད་དེང་རབས་སྤྱི་ཚོགས་ནང་འཇུག་དགོས་པ་དང་ཀུན་སྤྱོད་ཀྱི་རྩ་བ་དེ་ས་ཆ་གཤིན་པོར་ཚུགས་ཐུབ་པ་བྱས་ཏེ་ཤེས་དཔལ་གྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལོ་རྒྱུས་དང་འབྱུང་འགྱུར་ལ་ངོ་གནོང་མི་དགོས་པའི་འགན་འཁྲི་ཁུར་སེམས་ཐོག་ནས་ཁྲིམས་ལྟར་དོ་དམ་དང་ལྟ་སྐུལ་གྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་དུས་བབ་གསར་པའི་འོག་གི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། སྤྱི་འདོམས་འཆར་འགོད་དང་། སྲུང་སྐྱོབ་གཙོར་བཟུང་། སྲུང་སྐྱོབ་དང་བེད་སྤྱོད་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་དངོས་སྲུང་སྐྱོབ་ནན་པོ་བྱེད་པའི་རྨང་གཞིའི་ཐོག་རིག་དངོས་ནང་འདུས་པའི་ལོ་རྒྱུས་དང་། རིག་གནས། ཚན་རིག་སོགས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ནས་རིག་དངོས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་དང་སྤྱི་ཚོགས་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཤུགས་ཆེན་བྱས་ནས་རིག་དངོས་སྲུང་སྐྱོབ་ནང་སྤྱི་ཚོགས་ཡོངས་ཞུགས་པའི་རྣམ་པ་གསར་པ་ཞིག་ཧུར་ཐག་ཆགས་ཐུབ་པ་བྱས་ཏེ་རྩ་ཆེའི་ཤུལ་བཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་གྱིས་བཀྲག་མདངས་གསར་པ་སྔར་བས་འཚེར་བ་བྱས་ཐོག་རིག་གནས་བྱ་གཞག་དར་རྒྱས་ཡོང་བ་དང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་12ཉིན་རྒྱལ་ཡོངས་རིག་དངོས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། ཤེས་དཔལ་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པ་བཅས་ཀྱི་ཁྲོད་རིག་དངོས་ལས་དོན་གྱི་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། དུས་བབ་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་གཏིང་ཟབ་བྱས་ནས་འགན་འཁྲི་ཁ་གསལ་བ་དང་། སྲུང་སྐྱོབ་གལ་ཆེར་་འཛིན་པ། བེད་སྤྱོད་རྒྱ་ཆེ་རུ་གཏོང་བ། ཁྲིམས་འཛིན་ནན་པོ་བྱེད་པ། འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ་དང་། དུས་སྐབས་གསར་པའི་རིག་དངོས་ལས་དོན་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།