མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་ཚད་སླར་ཡང་མངོན་ཞིང་བསམ་པའི་སྒུལ་ཤུགས་
གཅིག་ཏུ་བསྡུས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་26ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོ་རྒྱུན་ཆད་མེད་པར་ཐོན་པ། 
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་6ཚེས་23ཉིན་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར།
         ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོའི་མིང་ཐོ་ཉེ་དུས་ཁྱབ་བསྒྲགས་བྱས་པའི་ནང་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ(2016ལོའི་པར་མ་)》ཚུད་པའི་དཔེ་སྐྲུན་དངོས་པོ་གཙོ་བོ་རིགས་45ཚུད་ཡོད།
         མིག་སྔར་དཔེ་སྐྲུན་ཚན་པ་ཁག་གིས་དྲན་གསོའི་བྱེད་སྒོ་ཆེ་གྲས་གཉིས་ལ་དམིགས་ནས་ཕུལ་བྱུང་གི་དཔེ་དེབ་ཁག་གཅིག་བཏོན་པར་ཁྲོམ་རར་དགའ་བསུ་ཐོབ་པ་དང་སྤྱི་ཚོགས་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དཔེར་ན། སློབ་སྦྱོང་དཔེ་སྐྲུན་ཁང་གི་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ(2016ལོའི་པར་མ་)》འདི་ལོའི་ཟླ་4པར་དཔེ་སྐྲུན་བྱས་ནས་དཔེ་སྐྲུན་བྱེད་ཚད་དེབ་ཁྲི་5016.5ལས་བརྒལ་བ་དང་། གཙོ་གནད་དཔེ་སྐྲུན་དངོས་པོ་གཞན་དཔེར་ན་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གི་《ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་དགུ་བཅུ་》དང་། ་《དམར་དམག་རྒྱང་སྐྱོད་ཀྱི་གནས་ཚུལ་ངོ་མ་བཀོད་པའི་དཔེ་ཚོགས་》 ཀྲུང་གོ་ལོ་ཆུང་བྱིས་པའི་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་《རླབས་ཆེའི་རྒྱང་སྐྱོད་》སོགས་ལའང་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད།