མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་དགོང་
ཚོགས་《ཡུན་གཏན་འགྱུར་མེད་ཀྱི་དད་སེམས་》ཞེས་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་དགོང་
ཚོགས་《ཡུན་གཏན་འགྱུར་མེད་ཀྱི་དད་སེམས་》ཞེས་པ་པེ་ཅིང་དུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། དར་ཆ་ལྷབ་ལྷུབ་ཏུ་གཡོ་ལ། གླུ་དབྱངས་སྐད་གསང་མཐོ་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་དགོང་ཚོགས་《ཡུན་གཏན་འགྱུར་མེད་ཀྱི་དད་སེམས་》ཞེས་པ་དེ་ཟླ་6ཚེས་29ཉིན་གྱི་དགོང་མོར་པེ་ཅིང་གྲོང་ཁྱེར་དུ་འཚོགས་ཤིང་། ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲུང་ཀོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་རྒྱལ་སའི་ལས་རིགས་ཁག་གི་མི་སྣ་3000ལྷག་དང་མཉམ་དུ་རོལ་དབྱངས་དགོང་ཚོགས་ཀྱི་གཟིགས་མོ་རོལ་ཞིང་འོད་སྟོང་འབར་བའི་དུས་ཆེན་འདི་ལ་མཉམ་རོལ་གནང་བ་རེད།
         ལོ་95རིང་གི་དཀའ་སྡུག་ཚད་མེད་ཀྱི་ལམ་དུ་། ལོ་95རིང་ལ་དཀའ་བ་སྤྱད་དེ་འབད་འཐབ་བྱས། 《དར་དམར་ལ་བསྟོད་པ་》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད། 《ཡུན་གཏན་འགྱུར་མེད་ཀྱི་དད་སེམས་》ཞེས་པའི་སྙན་ངག་གྱེར་འདོན་བྱས་པ་ནས་རོལ་དབྱངས་དགོང་ཚོགས་ཀྱི་འགོ་ཚུགས། དགོང་ཚོགས་ནང་《ལོ་རྒྱུས་ཀྱི་གདམ་ག་》ཞེས་པ་དང་། 《ཁྲག་བཏོན་དམར་འཛིང་གི་གཟི་བརྗིད་》ཅེས་པ།  《ལང་ཚོའི་དམ་བཅའ་》ཞེས་པ།  《སྤྲོ་སེམས་འཁོལ་བའི་ལོ་ཟླ་》ཞེས་པ། 《མི་དམངས་ཀྱི་བློ་ཁ་ཕྱོགས་ས་》ཞེས་པ། 《ཡུན་གཏན་འགྱུར་མེད་ཀྱི་དད་སེམས་》ཞེས་པ་བཅས་ཀྱི་འཁྲབ་ཚན་དྲུག་ཡོད་ཅིང་། རིག་རྩལ་ལས་སྒྲུབ་པ་ཚོས་བརྩེ་སེམས་འགུལ་བའི་གླུ་དབྱངས་ལེན་པ་དང་། བྱང་ཆུབ་པའི་རོལ་ཆ་བཏང་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཚད་མེད་བྱེད་སེམས་དང་མི་རིགས་བསྐྱར་དར་ཡོང་བར་དམིགས་འདུན་བཟང་པོ་བྱེད་སེམས་མཚོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་ཚོས་རོལ་དབྱངས་དགོང་ཚོགས་ཀྱི་གཟིགས་མོ་རོལ་བ་རེད། 
         གཞན་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་ཁག་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་ཚབ། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་གི་རྩ་འཛུགས་བཅས་ཀྱི་འཐུས་ཚབ། ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་མཁས་པའི་འཐུས་ཚབ། རྒྱལ་སའི་གཞི་རིམ་ཏང་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་ཚབ། བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གི་དཔོན་དམག་གི་འཐུས་ཚབ་བཅས་ཀྱིས་ཀྱང་རོལ་དབྱངས་དགོང་ཚོགས་ཀྱི་གཟིགས་མོ་རོལ་བ་རེད།