མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་02ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པར། 2015ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་གྲངས་ཁྲི་8875.8ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི་96.5གཙང་འཕར་བྱུང་བ་དང་འཕར་ཚད་1.1%ཟིན་པ་དང་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་441.3ཟིན་པ་དེ་ལོ་གོང་མ་ལས་ཁྲི་5.4འཕར་བ་དང་འཕར་ཚད་1.2%ཟིན་ཡོད། གཞི་གྲངས་ལས་མངོན་པར། དུས་བབ་གསར་པའི་འོག་གི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱུང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད་པ་རེད།
         ཏང་ཡོན་གྱི་བསྡོམས་གྲངས་འཕར་ཚད་མུ་མཐུད་ཆག་ནའང་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་། 2015ལོར་རྒྱལ་ཡོངས་ཀྱི་ཏང་ཡོན་བསྡོམས་གྲངས་འཕར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་པ་དེ་2012ལོའི་འཕར་ཚད་མཐོ་ཤོས་ཏེ་3.1%ལས་བརྒྱ་ཆའི་གྲངས་2ཆག་ནས་ཏང་ཡོན་བསྡོམས་གྲངས་ཚོད་འཛིན་ལས་དོན་ལ་མུ་མཐུད་ཕན་འབྲས་ཐོན་ཡོད་པ་རེད། ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་མཁན་གྱི་དཔུང་ཁག་མུ་མཐུད་ཆེ་རུ་སོང་བ་དང་ཏང་ཡོན་ནང་ཞུགས་པའི་འགག་སྒོ་སྲུང་ཚུལ་སྔར་བས་ནན་དུ་སོང་ཡོད་པ་རེད།
          ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རིག་གནས་ཆུ་ཚད་ཅུང་མཐོ་རུ་ཕྱིན་ཞིང་། དཔུང་ཁག་གྲུབ་ཆར་གཞིགས་ན། ཆེད་ཚན་དང་དེ་བཞིན་ཆེད་ཚན་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་3932.4ཡོད་པ་དེས་44.3%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.3མཐོ་རུ་ཕྱིན་པ་དང་། བུད་མེད་ཏང་ཡོན་ཁྲི་2227.8ཡོད་པ་དེས་25.1%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་པ། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་618.0ཡོད་པ་དེས་7.0%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་56.7གྱི་ཁྲོད་ཆེད་ཚན་དང་དེ་བཞིན་ཆེད་ཚན་ཡན་གྱི་སློབ་རྒྱུས་ལྡན་པ་ཁྲི་8.1ཡོད་པ་དེས་14.4%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.5མཐོ་རུ་ཕྱིན་ཡོད། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་9.2ཀྱི་ཁྲོད་ཆེད་ཚན་དང་དེ་བཞིན་ཆེད་ཚན་ཡན་གྱི་སློབ་རྒྱུས་ལྡན་པ་ཁྲི་5.1ཡོད་པ་དེས་54.8%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.5མཐོ་རུ་ཕྱིན་ཡོད་པ་རེད།
          གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་ཐེབས་ནས་གཞི་རིམ་གྱི་རྨང་གཞིའི་འགན་སྲུང་ཆུ་ཚད་ཇེ་མཐོར་ཕྱིན་ཞིང་། 2015ལོར་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་བསྡོམས་གྲངས་དེ་ལོ་གོང་མ་ལས་ཁྲི་5.4འཕར་བའི་ནང་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཁྲི་1.0འཕར་བ་དང་། བྱ་གཞག་ཚན་པའི་ཏང་རྩ་འཛུགས་ཁྲི་0.5འཕར་བ། སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྲི་1.8འཕར་བ། སྒྲིག་གཞི་ཚང་བའི་གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཁྲི་2.2འཕར་ཡོད། གཞི་རིམ་གྱི་རྨང་གཞིའི་འགན་སྲུང་ཐད་ལོ་ཧྲིལ་པོར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁྲི་7.6གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་གྲོང་ཚོ་དང་སྡེ་ཁུལ་གྱི་གཞུང་ལས་བྱེད་སྒོ་སྤེལ་ཡུལ་གྱི་རྒྱ་ཁྱོན་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་7.9དང་8.1སོ་སོར་མཐོ་རུ་ཕྱིན་ཡོད་པ་རེད།