མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》
པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》པར་འགྲེམས་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལག་ལེན་ནན་པོ་བསྟར་རྒྱུའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་མ་གཏིང་ཟབ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབང་ཆ་ཡོད་ཕྱིན་ངེས་པར་དུ་འགན་འཁྲི་ཡོད་དགོས་པ་དང་། འགན་འཁྲི་ཡོད་ཕྱིན་འཁུར་ཕོད་པ། འགན་འཁྲི་ཤོར་ཕྱིན་ངེས་པར་དུ་རྩད་གཅོད་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་ཡོད། ཏང་ཀྲུང་དབྱང་གིས་བྱེད་པོའི་འགན་འཁྲིའི་འགག་རྩ་དེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་ཏང་ནན་པོས་སྐྱོང་བའི་མཚོན་ཆ་རྣོན་པོ་ཞིག་ལ་བརྩིས་ནས་སྔ་རྗེས་སུ་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་ཁྲོད་འགན་ཤོར་འགན་འཛོལ་མཁན་ཁག་གཅིག་གི་དཔེ་མཚོན་གནད་དོན་གྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དེ་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ལ་གྱུར་བ་བྱེད་དགོས། ཏང་གི་འགན་འཁྲི་བདའ་འདེད་གཏོང་བའི་ལས་དོན་ཚད་ལྡན་དང་ཤུགས་ཆེར་གཏོང་ཆེད་ཏང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》(གཤམ་ལ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)བཟོ་རྒྱུའི་གཏན་འབེབས་བྱས་ཡོད་ལུགས་བཏོན་ཡོད།
         《སྲོལ་ཡིག་》དེ་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་པ། ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། ཏང་འཛུགས་སྐྱོང་ཐད་འགན་འཛོལ་ཤོར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་མི་ཐུབ་པ། ཏང་ལ་བཅངས་བའི་འདུ་ཤེས་ཞན་པ། རྩ་འཛུགས་ནུས་མེད་ཟབ་ཟོབ། སྒྲིག་ཁྲིམས་ལྷོད་པ། འགན་འཁྲི་འཁུར་མི་ཐུབ་པ། འགན་མི་འཁུར་བ་སོགས་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོས་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་འབྲས་བུ་མངོན་པ་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གལ་ཆེའི་ལམ་ལུགས་ཀྱི་གཞི་འཛིན་ས་ཞིག་ཡིན་པས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་དེས་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
         བརྡ་ཐོའི་ནང་རིམ་ཁག་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་《སྲོལ་ཡིག་》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲི་འཁུར་ཐུབ་པ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་ཉིད་དེའི་ནང་ཚུད་པ་བྱས་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་གི་སྣེ་འཁྲིད་དེ་དངོས་འཛིན་བཙན་འཐབ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་ཀྱིས་འགན་འཁྲི་ཤོར་ཕྱིན་བདའ་འདེད་གཏོང་དགོས་ངེས་ཡིན་པ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དེ་རྒྱུན་རྣམ་ལ་གྱུར་བ་བྱེད་དགོས། བཀའ་རྗེས་ཁྲིམས་འབྱོར་དང་དཔེ་མཚོན་གྱི་གནད་དོན་ལ་དམ་འཛིན་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་ཟིལ་གནོན་དང་ཉེན་གཏོང་གི་ཕན་འབྲས་ཐོན་པ་དང་། འགན་འཁྲིའི་འདུ་ཤེས་ཚོར་ཐུབ་པ། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་འཕེལ་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་ཙུའུ)དང་སྒྲིག་ཨུད་(སྒྲིག་བཤེར་ཚོགས་ཆུང)ལ་《སྲོལ་ཡིག་》ལག་བསྟར་བྱ་ཚུལ་ལ་ཆེད་མངགས་ཞིབ་བཤེར་བྱས་ནས་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         གཞན་ཡང་ས་ཁུལ་དང་སྡེ་ཚན་ཁག་ལ་《སྲོལ་ཡིག་》ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་འགོ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།