མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམག་དཔུང་དང་ས་གནས་མཉམ་ཤུགས་གཅིག་སྒྲིལ་དང་དམག་དམངས་སེམས་པ་
གཅིག་ཏུ་བསྒྲིལ་ནས་གཉིས་བཀུར་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་
མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་31ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དམག་དཔུང་དང་ས་གནས་མཉམ་ཤུགས་གཅིག་སྒྲིལ་དང་དམག་དམངས་སེམས་པ་
གཅིག་ཏུ་བསྒྲིལ་ནས་གཉིས་བཀུར་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་
མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་གྲོང་ཁྱེར་(རྫོང)ལ་མིང་འདོགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཐུས་མི་ཚོགས་པར་བྱམས་བརྩེའི་མཇལ་འཕྲད་གནང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ཕེབས་མཁན་འཐུས་མི་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་གཉིས་བཀུར་ལས་དོན་ལ་སེམས་ཁུར་དང་། རྒྱབ་སྐྱོར། ཞུགས་མཁན་བཅས་ཀྱི་བློ་མཐུན་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། མིང་འདོགས་པ་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང)དང་། ཚན་པ། མི་སྒེར་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཆེས་རླབས་ཆེན་གྱི་སྟོབས་ཤུགས་ནི་སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་ཡིན། དུས་བབ་གསར་པའི་འོག་གཉིས་བཀུར་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཉམས་དམས་སུ་གཏོང་མི་རུང་། དམག་དཔུང་དང་ས་གནས་མཉམ་ཤུགས་གཅིག་སྒྲིལ་དང་དམག་དམངས་སེམས་པ་གཅིག་ཏུ་བསྒྲིལ་ཚེ་ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག ཞིས་ཅིན་ཕིང་སོགས་ཅིང་ཤིས་གསོལ་མགྲོན་ཁང་གྲོས་ཚོགས་ཐོག་ཁང་གི་ཚོམས་ཆེན་མདུན་མར་ཕེབས་ནས་འཐུས་མི་རྣམས་ལ་བྱམས་བརྩེའི་ཕྱག་བཏང་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གཉིས་བཀུར་ལས་འགུལ་ནི་རང་རེའི་ཏང་དང་རང་རེའི་དམག་དཔུང་དང་རང་རྒྱལ་མི་དམངས་ལ་དམིགས་བསལ་ལྡན་པའི་ཕུལ་བྱུང་གི་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན། རྡོ་རྗེ་བྲག་ལྟར་བརྟན་པའི་དམངས་སྲིད་དམག་དམངས་དབར་གྱི་མཐུན་སྒྲིལ་ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། “དམག་དམངས་རྡོག་རྩ་གཅིག་སྒྲིལ་མི་གཅིག་འདྲ་། ལྟོས་དང་གནམ་འོག་འགྲན་ཟླ་སུ་ཡིས་ཕོད”ཅེས་པ་ནི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་འཛམ་གླིང་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་རང་རེའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་འཛུགས་སྐྲུན་བྱ་གཞག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཀྱི་ཡོད། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་གསལ་ཤེས་གང་ལེགས་ཐུབ་པ་བྱས་ཏེ་རྒྱལ་གཅེས་དམག་བཀུར་དང་དམག་གཅེས་ལེགས་སྐྱེས་འབུལ་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་ཀྱི་འཕོ་འགྱུར་དང་ལས་ཀའི་བླང་བྱ་གཞིར་བཟུང་སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་རྒྱུན་ཆད་མེད་པ་བྱེད་པ་དང་། དུས་བབ་གསར་པའི་འོག་གི་གཉིས་བཀུར་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དམག་དཔུང་དང་ས་གནས་དང་དམག་དམངས་དང་འབྲེལ་བ་བྱེད་པའི་གཉིས་བཀུར་ལས་དོན་གྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ང་ཚོས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་བྱེད་བཞིན་ཡོད། དེ་ནི་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་སྒྱུར་བཅོས་ཤིག་ཡིན་པས་ཕྱོགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཀྱི་ཡོད། ང་ཚོས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་སྤེལ་བཞིན་ཡོད་པས་གཉིས་བཀུར་ལས་དོན་གྱིས་དེའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཀྱི་ཡོད། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བཞིན་ཡོད་པས་གཉིས་བཀུར་ལས་དོན་གྱིས་དེའི་ཐད་གཞོགས་འདེགས་དང་རྒྱབ་སྐྱོར་ཡང་བྱེད་དགོས་ཀྱི་ཡོད། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་རྣམ་པ་སྣ་ཚོགས་ཀྱི་གཉིས་བཀུར་ལས་དོན་ཧུར་ཐག་སྤེལ་བ་བརྒྱུད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྱོན་ཡོངས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས།
         ལི་ཁེ་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལས་དོན་ལ་སྔར་ནས་བཟུང་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེ་ནི་ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་དམག་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་ང་ཚོའི་ཕུལ་བྱུང་སྲོལ་རྒྱུན་དང་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན། དུས་བབ་གསར་པའི་འོག་གཉིས་བཀུར་ལས་དོན་ལ་ཤུགས་སྣོན་དང་དམག་སྲིད་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཚོའི་རྒྱལ་གཅེས་དམག་བཀུར་གྱི་སྤྲོ་སེམས་འཕེལ་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་ལ་རྒྱབ་སྐྱོར། རྒྱལ་དར་དམངས་བདེ་འགན་ལེན་བཅས་ལ་ཕན་པ་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྲུང་སྲ་བརྟན་ལ་སྤྱི་འདོམས་བྱེད་པ་དང་། རྣམ་ཀུན་གྱི་ཞབས་ཞུ་དང་དམག་འཐབ་སྐབས་འཐབ་ས་མདུན་མའི་དམག་དཔུང་ལ་རྒྱབ་སྐྱོར་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་བྱེད་པ། དམག་དོན་གྱི་ས་སྤྱོད་སྔོན་ལ་འགན་ལེན་བྱེད་པ། རྒྱལ་སྲུང་འགྲོ་ལམ་སྔོན་ལ་སྐྲུན་པ། དམག་གྲབས་དང་སྨན་བཅོས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུར་རོགས་རམ་བྱེད་པ། ལེགས་ཆ་ལྡན་པའི་ཁེ་ལས་དམག་སྤྱོད་དངོས་རྫས་ཚན་ཞིབ་ཐོན་སྐྱེད་ནང་ཞུགས་རྒྱུར་སྣེ་ཁྲིད་བྱེད་པ་བཅས་བྱེད་དགོས། དཔུང་སྡེའི་དཔོན་དམག་ལ་འཕྲད་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱ་རྒྱུར་མཐུན་སྦྱོར་ཧུར་ཐག་བྱེད་དགོས། དེའང་གཅིག་ནས“བཤོལ་ལམ”རྒྱ་ཆེར་བཏང་ནས་དམིགས་བསལ་བྱ་ཐབས་དང་གཟིགས་སྐྱོང་སྲིད་ཇུས་ཀྱི་བྱ་ཐབས་སྤྱད་དེ་དམག་ཞབས་ཐིམས་པའི་དམག་མི་བཀོད་སྒྲིག་འགན་ལེན་ནུས་ལྡན་བྱེད་པ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་དང་། ལྷག་དོན་དུ་ཀྲུང་དབྱང་ཁེ་ལས་ཀྱིས་དམག་ཞབས་ཐིམས་པའི་དམག་མི་ཁག་གཅིག་འོས་འཚམ་བསྡུས་ནས་དམག་ཞབས་ཐིམས་པའི་དམག་མིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས“རྒྱབ་ཀྱི་སྒོ་ར”སྲ་བརྟན་དུ་བཏང་ནས་འཆི་གོད་གྱོང་གསབ་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་འཆི་གོད་གྱོང་གསབ་ཀྱི་ཐོབ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་དམག་དཔུང་ནས་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པའི་ཆབ་སྲིད་ཀྱི་ཐོབ་ཐང་དང་འཚོ་བའི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དམག་མིའི་ནང་མི་མཉམ་དུ་ལས་སྒྱུར་གནས་སྤོ་དང་། ལས་ཞུགས་བཀོད་སྒྲིག ལས་གཏོད་ལ་རོགས་སྐྱོར་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པ། གསུམ་ནས“མི་རབས་རྗེས་མར”རོགས་སྐྱོར་བྱས་ཏེ་སྲིད་གཞུང་དང་། སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་དམག་མིའི་བུ་ཕྲུག་གི་སློབ་གསོར་སེམས་ཁུར་དེ་བས་བྱེད་པ་དང་། ད་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་། ཉེ་སར་སློབ་ཞུགས་དང་ཕ་མ་དང་མཉམ་དུ་སློབ་གྲྭ་སྒྱུར་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྷག་དོན་དུ་མཐའ་མཚམས་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་དམག་མིའི་བུ་ཕྲུག་ལ་དམིགས་བསལ་ལྟ་རྟོག་བྱེད་དགོས། དེ་དང་ཆབས་ཅིག་དམག་དཔུང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་གཞིགས་ནས་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གལ་ཆེན་ནང་ཧུར་ཐག་ཞུགས་ནས་རྒྱལ་སྲུང་ཚན་རྩལ་དང་མཉམ་དུ་གསར་གཏོད་བྱེད་པ་དང་། སྒུལ་ཤུགས་གསར་པ་སྐྱེད་བསྲིང་དང་སྟོབས་ཆེར་གཏོང་བ། ཉེན་སེལ་རྒུད་སྐྱོབ་དང་། དབུལ་སྐྱོར་དཀའ་སེལ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་དམ་ཟབ་དེ་བས་ལེགས་པ་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དམག་དཔུང་ལས་ཁུངས་བཅས་ཀྱིས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་རྒྱ་ཁྱབ་བྱེད་པ་དང་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཚོགས་ཆེན་ཐོག་གྲོང་ཁྱེར་(ཆུས)རྫོང་416ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང)གྱི་མིང་འདོགས་རྒྱུ་དང་། རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་ཚན་པ་དང་སྲིད་བཀུར་དམངས་གཅེས་དཔེ་བཟང་ཚན་པ་64ལ་གཟེངས་བསྟོད་བྱ་རྒྱུ། རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་བ་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་བཟང་བ་100ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ཚོགས་ཆེན་ཐོག་མིང་བཏགས་པ་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་(རྫོང)དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།