མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་གྱི་ཉིན་གུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གནམ་གྲུར་ཆུ་ཚོད་གསུམ་ལྷག་ཙམ་བཞུགས་རྗེས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་2800ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་དུ་འབྱོར་བ་དང་། དེ་ནས་རླངས་འཁོར་ལ་བཞུགས་ཏེ་སྤྱི་ལེ་60བསྐྱོད་རྗེས་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཅཱ་ལུད་ཡན་ལག་ཀུང་སིའི་གྲུ་ཁར་འབྱོར་བ་རེད། འདིར་ཞིས་ཅིན་ཕིང་གིས་ཚྭ་འདམ་གཞོང་སའི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་དང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཚུལ་མཚམས་སྦྱོར་བྱས་པར་གསན་ནས་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་དང་། ཐོན་ལས་ལག་རྩལ་རིམ་སྤར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་ཐོན་ལས་འཕེལ་རྒྱས། རྨེ་བསྲེས་ལྕགས་ཀྱི་རྒྱུ་ཆ་གསར་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་དང་། ཞིས་ཅིན་ཕིང་ཤིང་གི་གདུང་འདེགས་འཕྲང་ལམ་དེད་དེ་གྲུ་ཁར་ཕེབས་ནས་དེང་རབས་ཅན་གྱི་ཚྭ་འདོན་གྲུ་གཟིངས་ཀྱི་ལས་ཀ་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁེ་ལས་ཀྱི་འཕེལ་རྒྱས་དམིགས་ཡུལ་ནི་ལོ་5ནས་10སྤྱད་དེ་འཛམ་གླིང་ཐོག་གི་རྨེ་ལི་ཅཱ་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཆེ་ཤོས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རྟོགས་རྗེས། ཞིས་ཅིན་ཕིང་གིས་ཁས་ལེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཚྭ་མཚེའུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། ཐོན་ཁུངས་ཀྱི་འཐབ་ཇུས་གཏན་འབེབས་ཡང་དག་པར་བྱས་ནས་སྟེང་རིམ་གྱི་ཇུས་འགོད་བྱེད་ཤུགས་ཆེར་གཏོང་དང་གསར་སྤེལ་བཀོལ་སྤྱོད་ལེགས་པར་བྱ་དགོས་པ་དང་། འཁོར་སྐྱོད་བཀོལ་སྤྱོད་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་དཔེ་རྣམ་ལེགས་འགྱུར་བྱ་རྒྱུའི་དགོས་འདུན་ཡིན་པས། རྒྱལ་ཡོངས་ཚང་མ་ལམ་འདི་ལྟ་བུར་འགྲོ་དགོས། མཚོ་སྔོན་ཞིང་ཆེན་གྱིས་དོན་དག་འདི་ལེགས་འགྲུབ་བྱས་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དེ་ཡང་རྒྱལ་ཡོངས་ཀྱི་ཐོན་ཁུངས་ཡིན་པས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་བཅངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་གསར་སྤེལ་བཀོལ་སྤྱོད་ལེགས་པོ་བྱ་དགོས་ཞེས་བསྟན་གནང་བ་རེད།