མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ལས་ཁུངས་ལ་གཟིགས་ཞིབ་གནང་བ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་31ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ལས་ཁུངས་ལ་གཟིགས་ཞིབ་གནང་བ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ལས་ཁུངས་ལ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཚད་ཁྲིད་སྟོན་དུ་བྱས་ཏེ་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས། དཔུང་སྡེའི་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན། ལོ་རྒྱུས་ཀྱི་འགན་ལྕི་པོ་ཁུར་བ། འཛམ་གླིང་གི་རྩེ་གྲར་བསྡིགས་པ། གསར་གཏོད་ཚད་བརྒལ་བྱེད་ཕོད་པ་བཅས་བྱས་ནས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ཞིག་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
         འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ནི་ན་ནིང་ལོ་མཇུག་ཏུ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བཙུགས་པ་ཞིག་རེད། ཞིས་ཅིན་ཕིང་སྐུ་ངོ་མས་འཐབ་ཇུས་རོགས་སྐྱོར་དཔུང་སྡེར་དམག་དར་བསྩལ་གནང་བ་དང་འབྲེལ་སློབ་སྟོན་གནང་བ་རེད། ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ། རེ་བ་ཡང་ཟབ་མོ་གནང་གི་ཡོད། སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཞིས་ཅིན་ཕིང་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ལས་ཁུངས་སུ་ཕེབས་ཏེ་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་མཁན་འཐུས་མི་དང་ལས་ཁུངས་ཀྱི་ཧྲེ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་རྗེས། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
         དྲན་རྟེན་སྐུ་པར་བསྐྱོན་རྗེས། ཞིས་ཅིན་ཕིང་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ཞིག་གི་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་དམག་འཐབ་སྡོད་བྱའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། དཔུང་སྡེའི་བཀོད་འཐབ་པ་དང་སྡོད་བྱའི་མི་སྣའི་སྦྱོང་བརྡར་བྱང་ཆུབ་པ་དང་སྙིང་སྟོབས་རབ་འཕེལ་ཡོད་པ་གཟིགས་སྐབས། ཞིས་ཅིན་ཕིང་ཐུགས་མགུ་པོ་བྱུང་བ་དང་ཁོང་གིས་དེ་བས་ནན་པའི་བཀོད་འདོམས་བྱང་ཚད་ཐོག་ནས་དམག་འཐབ་བཀོད་འདོམས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་སྐུལ་ལྕག་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ལས་ཀའི་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་གྱི་དམག་འཐབ་སྟོབས་ཤུགས་གསར་པ་ཞིག་ཡིན་ལ། རང་རེའི་དམག་དཔུང་གི་མཉམ་འབྲེལ་དམག་འཐབ་མ་ལག་གི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། འཐབ་ཇུས་རོགས་སྐྱོར་དཔུང་སྡེས་དུས་ཀྱིས་བདག་མི་སྒུག་པའི་སྙིང་སྟོབས་ཐོག་ནས་ལོ་རྒྱུས་ཀྱི་འགན་ལྕི་པོ་ཁུར་ཕོད་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། འཐབ་ཇུས་རོགས་སྐྱོར་དཔུང་སྡེ་བསྐྲུན་པའི་ཐད་གསར་གཏོད་མཁོ་ལ། རྩ་བའི་ཐར་ལམ་ཡང་གསར་གཏོད་ལ་བརྟེན་དགོས། ཆོས་ཉིད་སྟངས་འཛིན་བྱེད་པའི་རྨང་གཞིའི་ཐོག་བསམ་ཕྱོགས་གསར་གཏོད་དང་། བྱེད་ཐབས་གསར་གཏོད། འཕེལ་རྒྱས་གསར་གཏོད་བཅས་བྱེད་ཕོད་པ་བྱེད་དགོས་ལ། དངོས་འཐབ་ལ་དམིགས་རྒྱུར་དེ་བས་གཙིགས་ཆེན་དང་། གསར་གཏོད་ལ་བརྟེན་རྒྱུར་དེ་བས་གཙིགས་ཆེན། མ་ལག་བསྐྲུན་རྒྱུར་དེ་བས་གཙིགས་ཆེན། གཅིག་སྡུད་ཕན་ཆེར་དེ་བས་གཙིགས་ཆེན། དམག་དམངས་མཉམ་ལས་ལ་དེ་བས་གཙིགས་ཆེན་བཅས་ཀྱི་འཐབ་ཇུས་མཛུབ་ཁྲིད་ལག་བསྟར་བྱས་ཏེ་ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཛུགས་སྐྲུན་ཁག་ལ་སྐུལ་འདེད་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་འཐབ་སྟོབས་ཤུགས་གསར་པ་བསྐྲུན་རྒྱུའི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དགོས་པ་དང་། དམག་གྲབས་དམག་རྒྱག་ལས་དོན་དམ་འཛིན་བྱ་རྒྱུ་ལྷོད་གཡེང་མི་གཏོང་བར་དམག་འཐབ་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་འཕེལ་རྒྱས་འཐབ་ཇུས་དང་འཛུགས་སྐྲུན་འཆར་འགོད་ཀྱི་འཆར་གཞི་བཟོས་ནས་སྦྱོང་བརྡར་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་ཏེ་ཟིལ་གནོན་དང་དངོས་འཐབ་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ལྷོད་གཡེང་མི་གཏོང་བར། དམག་འཐབ་སྟོབས་ཤུགས་གསར་པ་འཛུགས་སྐྲུན་དང་མཉམ་འབྲེལ་དམག་འཐབ་ཀྱི་བླང་བྱ་དང་འཚམ་པའི་བསམ་བློའི་འདུ་ཤེས་འཛུགས་པ་དང་། ཚན་རིག་ཕན་ཆེའི་འཁོར་སྐྱོད་ལམ་སྲོལ་འཛུགས་པ། དཔུང་སྡེའི་གཞི་ཁྱོན་གྲུབ་ཆ་དང་སྒྲིག་འཛུགས་གྲུབ་ཆ་བཟང་སྒྲིག་བཅས་བྱས་ཏེ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གསར་གཏོད་ལ་བརྟེན་པའི་ལས་དོན་ལ་དམ་འཛིན་བྱ་རྒྱུ་ལྷོད་གཡེང་མི་གཏོང་བར་དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན། དམག་འཐབ་ཀྱི་སྟོབས་ཤུགས་གསར་པ་དང་མཐོ་རིམ་ཚན་རྩལ་གསར་གཏོད་ཤེས་ལྡན་པའི་གསོ་སྦྱོང་ལས་དོན་དམ་འཛིན། དོ་དམ་མ་ལག་འཐུས་་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དཔུང་སྡེའི་འཛུགས་སྐྲུན་གནད་ལ་འཁེལ་ཚད་དང་ཕན་འབྲས་དང་གྲོན་དངུལ་གྱི་བསྡུར་བ་མཐོ་རུ་གཏོང་དགོས་པ། དམག་དམངས་མཉམ་ལས་ལས་དོན་ལ་དམ་འཛིན་བྱ་རྒྱུ་ལྷོད་གཡེང་མི་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ནུས་པ་སྤྱི་འདོམས། རྒྱུན་ཆད་མེད་པར་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་ནུས་པ་བསྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་བསྐྲུན་རྒྱུའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བར། རྩ་བ་བརྟན་པོ་འཛུགས་པ་དང་བླ་སྲོག་ལ་བརྟེན་ནས་མིར་སློབ་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ་དང་རྒྱ་ཆེའི་དཔོན་དམག་ཚོས་རང་རེའི་དམག་དཔུང་གི་ཆབ་སྲིད་ཀྱི་བླ་སྲོག་རྒྱུན་འཁྱོངས་བྱ་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་པ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པ་དང་། དུས་བབ་གསར་པའི་འོག་གི་ཆབ་སྲིད་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཞིབ་འཇུག་དང་སྟངས་འཛིན་བྱས་ཏེ་ཆབ་སྲིད་ལས་དོན་གྱི་འདུ་ཤེས་དང་། ཐབས་ཤེས། བྱ་ཐབས་བཅས་གསར་གཏོད་བྱས་ཏེ་ཆབ་སྲིད་ལས་དོན་གྱི་དུས་རབས་ཀྱི་བསམ་པ་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་སྟེ་ཆབ་སྲིད་ལས་དོན་གྱི་ཟིལ་ཤུགས་ཆེན་པོ་འདོན་སྤེལ་བྱེད་དགོས་པ། གཟི་བརྗིད་དང་སྲོལ་རྒྱུན་ལ་བརྟེན་ནས་དཔོན་དམག་ལ་སློབ་གསོ་རྒྱག་རྒྱུ་དང་། བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས་དཔོན་དམག་གསོ་སྦྱོང་བྱ་རྒྱུ། བླ་ན་མེད་པའི་བྱ་གཞག་ལ་བརྟེན་ནས་དཔོན་དམག་གི་སེམས་ཤུགས་འགུག་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས“བཞི་ལྡན”གྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་དགོས་པ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་། སློབ་སྦྱོང་གི་སྲོལ་བཟང་དར་བ་བྱེད་པ། འཐབ་ཇུས་ཀྱི་བྱང་ཚད་དང་། དམག་དོན་གྱི་བྱང་ཚད། ཚན་རྩལ་གྱི་བྱང་ཚད། གསར་གཏོད་ཀྱི་བྱང་ཚད་བཅས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཨུད་འགོ་ཁྲིད་དཔུང་ཁག་འཛུགས་སྐྲུན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཀྲི་པུའུ་ཁག་དང་ཏང་ཡོན་ཚང་མའི་ཁྲོད་དོན་འཁྱོལ་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་ཆེ་རུ་གཏོང་དགོས་པ། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲོལ་བཟང་གསར་པ་སྐྱེད་སྲིང་བྱས་ཏེ་ནང་ཁུལ་གྱི་སྤྱོད་ཚུལ་དང་ཆབ་སྲིད་ཀྱི་ཁོར་ཡུག་དྭངས་གཙང་ཡོང་བ་བྱས་ནས་དཔུང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།