མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་06ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་གཙོའི་དབུ་ཚོགས་ཐེངས་བཅུ་གཅིག་པ་མཇུག་བསྒྲིལ་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧང་ཀྲོའུ་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དབུ་ཚོགས་ཀྱི་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་ཕྱོགས་བསྡོམས་བྱས་པའི་ཐེངས་འདིའི་དབུ་ཚོགས་ཐོག་བྱུང་བའི་ངོས་འཛིན་གཅིག་མཐུན་དང་ཐོབ་པའི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་གནང་བ་སྟེ། ཕྱོགས་སོ་སོས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་འཆར་འགོད་བྱ་རྒྱུའི་སེམས་ཐག་བཅད་པ་དང་། འཕར་སྣོན་གཏོང་སྟངས་གསར་པ་བཏོད་དེ་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུའི་སེམས་ཐག་བཅད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩ་བཅོས་སྐྱོང་འཐུས་ཚང་བྱས་ནས་འཛམ་གླིང་དཔལ་འབྱོར་གྱི་ཉེན་འགོག་ནུས་པ་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད་པ། རྒྱལ་སྤྱིའི་ཚོང་དོན་དང་དངུལ་འཇོག་བྱ་བའི་སྐུལ་ཤུགས་ཆེན་པོ་གཉིས་བསྐྱར་སྤེལ་བྱས་ཏེ་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུའི་སེམས་ཐག་བཅད་པ། ཁོང་ཡངས་དང་མཉམ་འགུལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོར་ཕན་པར་བྱ་རྒྱུའི་སེམས་ཐག་བཅད་པ་བཅས་རེད།