མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་དམག་
དཔུང་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་14ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཞིས་ཅིན་ཕིང་གིས་ཚོགས་ཆེན་ཐོག་ཤིས་ཚིག་གསུང་བ།

ཞིས་ཅིན་ཕིང་གིས་ཚོགས་ཆེན་ཐོག་ཤིས་ཚིག་གསུང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་དམག་དཔུང་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་པོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཝུའུ་ཧན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་རྟེན་གཞི་དང་། ཝུའུ་ཞི་དང་། ཀུའེ་ལིན། ཟི་ལིང་། ཧྲེང་དབྱང་། ཀྲེང་ཀྲོའུ་བཅས་ཀྱི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ལ་དམག་དར་གནང་བ་དང་འབྲེལ་བཀའ་སློབ་ཀྱང་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཚབ་མཛད་དེ་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་དམག་དཔུང་གི་བཀོད་འཐབ་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་དང་ལས་འགན་ལྗིད་པོ་འཁུར་ཕོད་པའི་སྒོ་ནས་གནས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེན་དུ་སྒྱུར་བའི་དམིགས་ཡུལ་གྱིས་སྣེ་ཁྲིད་བྱེད་པ་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་བྱེད་པ། ཆབ་སྲིད་ཀྱིས་དམག་དཔུང་འཛུགས་སྐྱོང་དང་། བསྒྱུར་བཅོས་ཀྱིས་དམག་དཔུང་སྟོབས་ཆེན་དུ་སྒྱུར་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་སྤེལ་བཏང་སྟེ་མཉམ་འབྲེལ་དམག་འཐབ་དང་། མཉམ་འབྲེལ་སྦྱོང་བརྡར། མཉམ་འབྲེལ་འགན་སྲུང་བཅས་ཀྱི་བླང་བྱ་ལྟར་དམག་དཔུང་འཛུགས་སྐྱོང་གང་མགྱོགས་བྱས་ནས་སྟོབས་ཤུགས་ལྡན་པའི་དེང་རབས་ཅན་གྱི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་དམག་དཔུང་ཞིག་འཛུགས་སྐྱོང་འབད་བརྩོན་ཆེན་པོ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་ཝུའུ་ཧན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་རྟེན་གཞིའི་དམག་སྤྱི་ལི་ཧྲི་ཧྲེང་དང་ཆབ་སྲིད་ཨུ་ཡོན་དབྱིན་ཀྲི་ཧུང་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཝུའུ་ཧན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་རྟེན་གཞིའི་དམག་སྤྱི་ལི་ཧྲི་ཧྲེང་དང་ཆབ་སྲིད་ཨུ་ཡོན་དབྱིན་ཀྲི་ཧུང་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཝུའུ་ཧན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་རྟེན་གཞིའིའགོ་ཁྲིད་ཚན་པའི་ཁོངས་མི་དང་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཁག་གི་འགོ་ཁྲིད་གཙོ་བོ་ཚོར་མཇལ་འཕྲད་གནང་བ་མ་ཟད་མཉམ་པར་བསྐྱོན་པ།

ཞིས་ཅིན་ཕིང་གིས་ཝུའུ་ཞི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཝུའུ་ཞི་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཀུའེ་ལིན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཀུའེ་ལིན་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཟི་ལིང་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཟི་ལིང་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཧྲེང་དབྱང་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཧྲེང་དབྱང་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཀྲེང་ཀྲོའུ་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།
ཞིས་ཅིན་ཕིང་གིས་ཀྲེང་ཀྲོའུ་མཉམ་འབྲེལ་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་ལ་དམག་དར་གནང་བ།