མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་
ཐེ་ལུའུ་ཧྲེ་ཧྥུའུ་དང་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་
ཐེ་ལུའུ་ཧྲེ་ཧྥུའུ་དང་མཇལ་འཕྲད་གནང་བ།

         ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་ཨུའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་སྒྲིག་སྲོལ་ཚོགས་འདུ་དང་ཀྲུང་ཨུ་འཐབ་ཇུས་བདེ་འཇགས་གྲོས་མོལ་ལ་ཞུགས་མཁན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཧྥུའུ་དང་མཇལ་འཕྲད་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཨུ་ཁྲིམས་འཛིན་བདེ་འཇགས་མཉམ་ལས་སྒྲིག་སྲོལ་ཚོགས་འདུ་དང་ཀྲུང་ཨུ་འཐབ་ཇུས་བདེ་འཇགས་གྲོས་མོལ་ནང་ཞུགས་མཁན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཧྥུའུ་དང་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། མི་རིང་བའི་གོང་ངས་ཙུང་ཐུང་ཕུའུ་ཅིང་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་འཚོག་རིང་འདི་ལོའི་མཇལ་འཛོམས་ཐེངས་གསུམ་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་གནད་དོན་ཆེན་པོའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཆབ་སྲིད་ཀྱི་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་ང་ཚོས་མཐའ་གཅིག་ཏུ་མོས་མཐུན་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”གཏོད་རྒྱུ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བསྐྲུན་རྒྱུ་ཕན་ཚུན་མཉམ་ལས་ཡག་པོ་བྱས་ཏེ་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་སྒོའི་ཁྲོད་མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་བཏང་ནས་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་དུས་བབ་དང་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་དང་འགྱུར་ལྡོག་ཇི་འདྲ་ཕྱིན་རུང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་ཡག་པོ་བྱེད་དགོས།
         ཞིས་ཅིན་ཕིང་གིས་དེང་གི་དུས་བབ་འོག་ཀྲུང་ཨུའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཡག་པོ་བྱེད་དགོས་ངེས་ཡིན་ལ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཕྱོགས་གཉིས་པོས་ད་ཡོད་ཀྱི་མཉམ་ལས་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་བདེ་འཇགས་གྲོས་མོལ་དང་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཕ་ཐེ་ལུའུ་ཧྲེ་ཧྥུའུ་ཡིས་ཙུང་ཐུང་ཕུའུ་ཅིང་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྣེ་ཁྲིད་འོག་ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་འབྲེལ་བ་ཟབ་ལ་མཉམ་ལས་གྲུབ་འབྲས་ཀྱང་བཟང་པོ་ཐོབ་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་གནད་དོན་གལ་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་འབྲེལ་བ་ཟབ་མོ་བྱས་པས། རྒྱལ་སྤྱིའི་ལས་སྒོའི་ཁྲོད་ཀྱི་བརྟན་ལྷིང་ཡོང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། ཨུ་རུ་སུ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱ་ཆེའི་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་དང་གཉིས་ཁེ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།