མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ངལ་རྩོལ་འགན་ལེན་ལྟ་སྐུལ་དོ་དམ་ཐད“སྐབས་བསྟུན་གཉིས”ཀྱི་བྱེད་སྟངས་སྤྱོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཁེ་ལས་ཀྱིས་ལས་མི་སྤྱོད་ཚུལ་ཚད་དང་མཐུན་མིན་དང་། སྤྱི་ཚོགས་འགན་བཅོལ་དངུལ་ཁྲིམས་ལྟར་སྤྲད་ཡོད་མེད་ཐད། སླད་ཕྱིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་འཛིན་ཁྲིམས་འཛིན་བྱེད་སྐབས“སྐབས་བསྟུན་གཉིས”ཞེས་པའི་ཟུར་འཐེན་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་སྟེ། ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་དང་། ཁྲིམས་འཛིན་མི་སྣ་སྐབས་བསྟུན་འདེམས་མངགས་བྱས་ནས་ཁྲིམས་འཛིན་བྱ་ཚུལ་དྲང་གཞག་མིན་པ་དང་ཁྲིམས་འཛིན་བྱ་ཚུལ་ནན་པོ་མེད་པའི་གནས་ཚུལ་སྔོན་འགོག་བྱ་རྒྱུ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ས་ཁུལ་ཁག་ལ་ཟླ་བ་བཅུ་པའི་གོང་དུ་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་བྱ་བའི་གསལ་ཐོ་འགོད་དགོས་པ་དང་། ཟུར་འཐེན་ཞིབ་བཤེར་གྱི་གཞི་འཛིན་ས་དང་ནང་དོན་གསལ་འགོད་བྱེད་དགོས་པ་མ་ཟད། ད་དུང་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་ཀྱང་བྱེད་དགོས་པ་དང་། ས་ཁུལ་ཁག་གིས་དུས་མཚུངས་སུ་ཞིང་ཆེན་རིམ་པ་དེ་གའི་སྲིད་འཛིན་ཁུལ་གྱི་ཁྱབ་ཁོངས་ནང་གི་སྲིད་འཛིན་ཁྲིམས་འཛིན་མི་སྣའི་མིང་ཐོའི་མཛོད་བསྐྲུན་པ་དང་འབྲེལ་གདིང་གཞི་ཁ་གསལ་དང་སྐབས་བསྟུན་གསར་བརྗེས་ཀྱིས་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་བྱ་རྒྱུར་མཁོ་འདོན་བྱེད་དགོས་པ། 2017ལོའི་ཟླ་བ་དྲུག་པའི་གོང་ས་ཁུལ་ཁག་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་མིང་ཐོའི་མཛོད་བསྐྲུན་ཏེ་འཕྲེད་ཕྱོགས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་དུས་ཐོག་ཏུ་ཕན་ཚུན་འབྲེལ་མཐུད་དང་གཞུང་ཕྱོགས་ནས་རིམ་པ་གཅིག་མཚུངས་ཀྱི་མི་ཞུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ནང་ཁུལ་གྱི་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། ངལ་རྩོལ་འབྲེལ་བ། དེ་བཞིན་མི་དོན་དང་ཤེས་ལྡན་པ་སོགས་རྣམ་གྲངས་རྐྱང་པའི་གཞི་གྲངས་མཛོད་དང་ཕན་ཚུན་མཉམ་སྤྱོད་བསྡུར་བ་ཡོང་བ་བྱས་ནས་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་བྱ་རྒྱུར་ཅུང་ཚང་བའི་གཞི་གྲངས་ཀྱི་འདེགས་སྐྱོར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
         “སྐབས་བསྟུན་གཉིས”ཀྱི་ཟུར་འཐེན་ཞིབ་བཤེར་ལམ་སྲོལ་བཙུགས་རྗེས་ཨང་ཀི་འཐེན་པ་སོགས་ཀྱི་རྣམ་པ་བརྒྱུད་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་མིང་ཐོའི་མཛོད་ནས་ཞིབ་བཤེར་བྱ་ཡུལ་འཐེན་ཏེ་སྐབས་བསྟུན་ཟུར་བཤེར་བྱ་རྒྱུ་དང་ཁྲིམས་འཛིན་མི་སྣའི་མིང་ཐོའི་མཛོད་ནས་ཁྲིམས་འཛིན་མི་སྣ་སྐབས་བསྟུན་འདེམས་མངགས་བྱ་རྒྱུ་རེད།