མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་ཕྱོགས་སྡོམ་
གཟེངས་བསྟོད་ལས་ཀའི་ཐད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ལས་ཀའི་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་ནི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་གྲ་སྒྲིག་ཨུ་ལྷན་དང་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གིས་བསམ་བློ་གཅིག་གྱུར་དང་། རང་འགན་གཙང་སྒྲུབ། སྒྲིག་འཛུགས་ཞིབ་ཚགས་བྱས་པའི་འབྲས་བུ་ཞིག་ཡིན། གྲོས་མོལ་མཐུན་སྦྱོར་ནུས་ལྡན་དང་གོ་འཕེར་དང་། ཚོགས་འདུ་བཀོད་སྒྲིག་ནན་ཏན་དང་ཞིབ་ཚགས། བདེ་འཇགས་འགན་ལེན་ནན་ཟབ་དང་དམ་ཚགས། གསར་འགྱུར་དྲིལ་བསྒྲགས་ལྟ་འདོད་ལ་ཉན་སྤྲོ་བ། རིག་རྩལ་འཁྲབ་སྟོན་ངོ་མཚར་ལ་རྒྱུན་མཐུད་པ། རྒྱབ་ཕྱོགས་མཁོ་སྒྲུབ་བློས་འཁེལ་ལ་འཐུས་སྒོ་ཚང་བ་བཅས་བྱུང་བའི་ཐོག་ནས་ཧང་ཀྲོའུ་དབུ་ཚོགས་ལ“ཤིས་ཧུའུ་མཚེའུའི་མཛེས་ལྗོངས། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་། འཛམ་གླིང་འཆམ་མཐུན”བཅས་ཀྱི་བསམ་ཕྱོགས་ལྷག་པར་མངོན་ནས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་སྟོབས་ཤུགས་ངོམས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཚོགས་འདུའི་རིང་ཀྲུང་གོའི་བག་ཆགས་ཟབ་མོ་ཞིག་བཞག་པས། རྗེས་མཐུད་ལས་ཀ་ཡག་པོ་བསྒྲུབས་ནས་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་དང་ཚོགས་འདུའི་ཕན་འབྲས་ཆེན་པོ་ཐོན་པར་བྱས་ཏེ་འབྲེལ་ཡོད་ལས་ཀ་ཁག་ལ་སྐུལ་མ་སྔར་ལས་ལྷག་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧང་ཀྲོའུ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བར་ལེགས་སྐྱེས་འབུལ་མཁན་རྣམས་ལ་གཟེངས་བསྟོད་བྱེད་དགོས་པ་དང་། ཕྱི་འབྲེལ་དང་། ནོར་དཔལ། བདེ་སྲུང་། དྲིལ་བསྒྲགས། རིག་རྩལ། འགྲིམ་འགྲུལ། སྤུས་བཤེར། འཕྲོད་བསྟེན། གནམ་གཤིས། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་སྡེ་ཚན་གྱིས་ཕྱོགས་སྡོམ་དང་གཟེངས་བསྟོད་ལས་ཀ་ཡག་པོ་སྒྲུབ་དགོས། ཀྲེ་ཅང་ཞིང་ཆེན་དང་ཧྲང་ཀྲོའུ་གྲོང་ཁྱེར་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་སློང་རྒྱ་ཁྱབ་བྱས་པ་དང་རྒྱ་ཆེའི་གྲོང་མི་ཚོས་བབ་དང་བསྟུན་པ་དང་། སྤྱི་ཡོངས་ལ་ལྟ་བ། ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་བ། རང་མོས་ཀྱིས་ཞབས་ཞུ་བསྒྲུབས་ནས་ཧང་ཀྲོའུ་དབུ་ཚོགས་རྒྱལ་ཁའི་ངང་གཉེར་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་བར་ཁས་ལེན་གང་ལེགས་བྱ་འོས་པས་གཟེངས་བསྟོད་ལས་ཀ་ཡག་པོ་སྒྲུབ་དགོས། ང་ཚོས་སྔོན་ཐོན་གྱི་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས་པ་མ་ཟད། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོའི་བདག་པོའི་འདུ་ཤེས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས། འཇུངས་པ་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་སྤྱི་ཚོགས་ཡོངས་ལ་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་མ་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་འདོན་དགོས་ཞེས་གསུངས་པ་རེད།