མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནགས་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་
ཚད་བརྒྱ་ཆའི་གྲངས་10མཐོ་རུ་འགྲོ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན། རང་རྒྱལ་གྱིས་ནགས་ལས་ཀྱི་ཚན་ཞིབ་གྲུབ་འབྲས་ཁག་2200ལྷག་ཙམ་གཞན་སྒྱུར་བྱས་པ་དང་། རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་600ལྷག་ཙམ་བཟོས་པ། ནགས་ཤིང་སྣ་ཁ་གསར་པ་500ལྷག་ཙམ་དང་ལག་རྩལ་གསར་པ་ཁག་1000ལྷག་ཙམ་ཁྱབ་གདལ་བཏང་བ། ནགས་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་55%ཟིན་པ། ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་48%ཟིན་པ། ནགས་ཤིང་གི་སོན་བཟང་སྤྱོད་ཚད་60.8%ཟིན་ཡོད་པ་རེད། 《ནགས་ལས་ཚན་རྩལ་གསར་གཏོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》ལ་གཞིགས་ན། 2020ལོར་སླེབས་སྐབས་རང་རྒྱལ་དུ་བཀོད་པ་འོས་འཚམ་དང་། ནུས་པ་ཆ་ཚང་བ། འཁོར་རྒྱུག་ནུས་ཆེ། འདེགས་སྐྱོར་ནུས་ལྡན་བཅས་ཀྱི་རྒྱལ་ཁབ་ཀྱི་ནགས་ལས་ཚན་རྩལ་གསར་གཏོད་མ་ལག་གཞི་རྩའི་ཐོག་བསྐྲུན་ཟིན་ནས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་55%དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་65%ཟིན་རྒྱུ་ཡིན་པ་དེ་ནི་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁུར་མི་སྣས་རྒྱལ་ཡོངས་ཀྱི་ནགས་ལས་ཚན་རྩལ་གསར་གཏོད་ཚོགས་ཆེན་ཐོག་ངོ་སྤྲོད་བྱས་པ་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་ནགས་ལས་ཀྱི་འདུ་འགོད་གལ་ཆེན་གྱི་ལག་རྩལ་ལ་ཚད་བརྒལ་གསར་པ་བྱུང་ནས་ནགས་ལས་ཀྱི་སྣོད་བཅུད་འཛུགས་སྐྲུན་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། དེའི་ནང་འཚོལ་ཞིབ་ཕྱོགས་སྡོམ་བྱས་པའི་ཁྱབ་ཚད་དམའ་བའི་བྱེ་བཅོས་ནགས་བཟོའི་རིགས་པའི་གཞུང་ལུགས་དང་ལག་རྩལ་དཔེ་དབྱིབས་ལས་སྐམ་ཐན་ཁུལ་དང་ཕྱེད་སྐམ་ཐན་ཁུལ་དུ་སྡོང་ཕྲུག་སྐྱེ་འཚར་མི་ཐུབ་པའི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་ཐུབ་ནས་ས་ཁོངས་དེའི་སྣོད་བཅུད་སླར་གསོ་ཐུབ་རྒྱུར་སྐུལ་མ་ཐེབས་ཡོད།