མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་ལ་ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ། 
ཆད་གཅོད་བསླབ་འདོམས་བཅས་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་
མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་ལ་ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ། ཆད་གཅོད་བསླབ་འདོམས་བཅས་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་ལ་སྡེ་ཚན་སྒྲོལ་ནས་མཉམ་དུ་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ“ཁ་དན་ཚིག་ལ་ལན་གཅིག་མ་གནས་ན་གང་ས་གང་ནས་ཚོད་འཛིན་ཕོག་པའི”ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ་དང་ཆད་གཅོད་བསླབ་འདོམས་ཀྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ་ཡིན་པ་དང་། ཕྱོགས་ཚང་མ་ནས་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་དེས“སྒལ་རལ་ཚོང་མཁན”ཚོར་སྔོན་ཐོན་ལ་འདེམས་པ་དང་བྱ་དགའ་སྤྲོད་པའི་ལས་ཀའི་ཁྲོད“གང་སར་ཚོད་འཛིན་ཕོག་པ”བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         བསམ་འཆར་ནང་2018ལོར་སླེབས་སྐབས་མི་དམངས་ཁྲིམས་ཁང་གི་ལས་དོན་ལག་བསྟར་བྱེད་ནུས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་མཉམ་འགུལ་ལག་བསྟར་གྱི་སྒྲིག་སྲོལ་སྟབས་བདེ་དང་། ཤར་གཏོང་། ནུས་ཆེའི་འཁོར་རྒྱུག་ཐུབ་པ་བཅས་བྱེད་དགོས། ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་གྱི་མིང་ཐོའི་ལམ་ལུགས་དེ་བས་ཚན་རིག་དང་མཐུན་པ་དང་འཐུས་སྒོ་ཚང་དུ་གཏོང་ཆེད་ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་གྱི་དབྱེ་མཚམས་དང་ཆ་འཕྲིན་གྱི་དོ་དམ་དང་། སྐྱེལ་བ། ཡོངས་བསྒྲགས། འགོག་པ། མེད་པ་བཟོ་བ་སོགས་ཁྲིམས་མཐུན་ནུས་ཆེ་དང་འཕྱུགས་མེད་དུས་ཐོག་ཏུ་ཡོང་བ་བྱ་རྒྱུ་རེད། ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་གྱི་ཆ་འཕྲིན་དང་རིགས་ཁག་གི་ཡིད་རྟོན་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་བྱས་ཏེ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་དེ་ལྟེ་བར་བྱས་པའི་ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་གྱི་ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ། ཆད་གཅོད་བསླབ་འདོམས་བཅས་ཀྱི་ལམ་སྲོལ་ནུས་ཆེའི་ངང་འཁོར་རྒྱུག་བྱེད་དགོས་པ་བཏོན་པ་རེད།
         བསམ་འཆར་ནང་ཆད་གཅོད་བསླབ་འདོམས་ཀྱི་བྱ་ཐབས་རིགས་11དང་དོན་ཚན་37གཏན་འབེབས་བྱས་པ་དེའི་ནང་དམིགས་བསལ་ལས་རིགས་སམ་ཡང་ན་རྣམ་གྲངས་ཀྱི་ཚོད་འཛིན་དང་། སྲིད་གཞུང་གི་རྒྱབ་སྐྱོར་རམ་ཡང་ན་ཁ་གསབ་ཀྱི་ཚོད་འཛིན། ལས་གནས་ཐོབ་ཐང་གི་ཚོད་འཛིན། ཕྱོགས་བསྡུས་ཐོབ་ཐང་གི་ཚོད་འཛིན། གཟི་བརྗིད་མཚན་སྙན་དང་ཡིད་ཆེས་ཐོབ་ཚད་ཀྱི་ཚོད་འཛིན། དམིགས་བསལ་ཁྲོམ་རའི་ཉོ་ཚོང་གི་ཚོད་འཛིན། རིན་གོང་མཐོ་བའི་འཛད་སྤྱོད་དང་འབྲེལ་ཡོད་འཛད་སྤྱོད་ཀྱི་ཚོད་འཛིན། རྒྱལ་མཚམས་ནས་ཐོན་རྒྱུར་ཚོད་འཛིན། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེས་དོན་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད།