མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་སྐམ་ས་ཆེ་མོའི་མི་དམངས་
དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱི་ཆོད་སེམས་བརྟན་པོར་སྣང་ཆུང་
བྱེད་མི་རུང་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། གསར་འགོད་པ་ཞིག་གིས། ཚའེ་དབྱིང་ཝུན་གྱིས་《ཝར་ཅེ་ཁྲོམ་ལམ་ཉིན་རེའི་ཚགས་པར་》གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ངོགས་གཉིས་ཀྱི་འབྲེལ་བར་འཛིན་པའི་ལྟ་སྟངས་ཁ་ཤས་གླེང་ཡོད། དེར་དཔྱད་གཏམ་གང་ཡོད་ཅེས་དྲི་བར། ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་སྐམ་ས་ཆེ་མོ་དང་ཐའེ་དབན་ནི་ཀྲུང་གོ་གཅིག་ལ་དབང་བ་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ང་ཚོའི་བློ་རྩ་སྲ་ཞིང་བརྟན་པོ་ཡོད། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ཆབ་སྲིད་རྨང་གཞིར་གཡོ་འགུལ་གཏོང་མི་རུང་བ་དང་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོད། ཕྱོགས་གཏོགས་གང་རུང་ཞིག་དང་མི་གང་རུང་ཞིག་གིས་སྐམ་ས་ཆེ་མོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱི་ཆོད་སེམས་བརྟན་པོར་སྣང་ཆུང་བྱེད་མི་རུང་ཞེས་ལན་བརྒྱབ་པ་རེད།