མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་གྱི་རོལ་དབྱངས་གསར་པ་ཕྱོགས་བཞིར་གྲགས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་གྱི་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་བཏང་བའི་སྐོར(སྟོད་ཆ) 
         དོ་སྣང་བྱེད་མཁན་ཞིག་ཡིན་ཕྱིན། 2016ལོར་སྤྱི་ཁྱབ་ཧྲུའུ་ཅིས་བརྙན་ལམ་ནས་ལོ་གསར་གྱི་ཤིས་ཚིག་གསུངས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གཞུང་ལས་ཁང་ལ་འགྱུར་ལྡོག་གསར་པ་བྱུང་བ་མཐོང་ཐུབ་སྟེ། པར་གསར་པ་བདུན་ཡོད་པའི་ནང་ནས། པར་གསུམ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཉམ་དུ་འཕེལ་རྒྱས་དོན་གཉེར་དང་འབྱོར་འབྲིང་སྐོར་གླེང་བའི་བརྗེད་པར་དཀའ་བའི་པར་ཡིན།
         ངེས་ཤུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ།
         2014ལོའི་ཟླ་བ་དགུ་པར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་སྲིད་ཇུས་ཀྱི་རྩ་བའི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་བསྟུན་ས་མཁོ་འདོན་བྱས་ཡོད།
         —— རང་རྒྱལ་གྱི་ལོ་རྒྱུས་འཕེལ་རིམ་གྱི་ཁྱད་ཆོས་དེས། རང་རྒྱལ་གྱི་མི་རིགས་ཁག་ཁྱབ་ཚུལ་ཐད་སྣོལ་འདྲེས་རྙོག་འཛིང་དང་། རིག་གནས་ཐད་འདུས་རེས་ཉར་ཚགས། དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས། བརྩེ་སེམས་ཐད་ཕན་ཚུན་མཛའ་བརྩེ་བཅས་ཁྱེད་ཀྱི་སེམས་ལ་བདག་ཡོད་པ་དང་། བདག་གི་སེམས་ལ་ཁྱེད་ཡོད་པ། ཕན་ཚུན་དབར་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་སྣེ་མང་གཞི་གཅིག་གི་རྣམ་པ་ཞིག་གྲུབ་ཡོད།
         —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་65སོང་ཚུན་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ནི་ཡང་དག་པ། རང་རྒྱལ་གྱི་མི་རིགས་འབྲེལ་བ་ཕྱོགས་ཡོངས་ནས་ཞི་མཐུན་བཅས་རེད།
         —— འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དང་བསྡུར་ན་རང་རྒྱལ་གྱི་མི་རིགས་ལས་དོན་སྤེལ་བ་ཚང་མ་ལམ་དུ་ལྷོངས་ཤོས་རེད།
         —— ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་ཚང་ཆེ་མོ་དང་ནང་མིའི་འབྲེལ་བ་ཞིག་དང་། མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་ཚང་ཆེ་མོའི་ནང་མི་མི་འདྲ་བའི་དབར་གྱི་འབྲེལ་བ་ཞིག་རེད།
         —— ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་མཐའ་འཁྱོངས་བྱུང་བ།
         —— མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། མི་རིགས་ཀྱི་གཞི་རྒྱུ་དང་ས་ཁོངས་ཀྱི་གཞི་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱུང་བ།
         —— མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་ལ། གོ་ཆོད་ཤོས་ནི་མི་སེམས་བརྩོན་ལེན་བྱ་རྒྱུ་དེ་རེད།
         —— གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱི་གཙོ་གནད་དེ་སྡེ་ཁུལ་དུ་བཞག་ནས་ཕན་ཚུན་ཕྲ་རྒྱན་བཏབ་པ་ལྟ་བུའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ།
         —— ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་ཤུགས་རྒྱག་པར་ཕུགས་དང་རྩ་བ་ནི་རིག་གནས་ཀྱི་མོས་སེམས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་བློའི་ཁྱིམ་གཞིས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ།
         —— ཧེ་བག་ལ་བརྩི་འཇོག་དང་བསྟུན་མཁས་སྣ་མང་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་མཉམ་གནས་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་བྱ་བ་སྒྲུབ་པ། མཉམ་དུ་སྤྲོ་སྣང་འཕེལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོར་མི་རིགས་ཁག་སྤུན་ཟླའི་བརྩེ་དུང་ཟབ་པ་དང་ལྟ་རེས་སྲུང་རེས་ཐུབ་པ་བྱེད་དགོས་པ།
        ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་འཚོགས་ཚུན། བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་དུ་ཕྱིན་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དུས་རབས་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད།
 སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་གཏན་ལ་འཁེལ་ཟིན་པ་དང་འགག་རྩ་ནི་དོན་འཁྱོལ་ལ་ཐུག་ཡོད། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་འཚོགས་ཚུན། རིགས་པའི་གཞུང་ལུགས་གསར་གཏོད་སྔོན་འགྲོར་བཟུང་ནས་མི་རིགས་ལས་དོན་གྱི་སྲིད་ཇུས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལག་ལེན་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
         —《དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བྱེད་ཐབས་གལ་ཆེན་གྱི་ལས་བགོས་ཇུས་གཞི་བཏོན་པ་དེར་རྣམ་གྲངས་16དང་དོན་ཚན་47ཡོད་ལ་དོན་ཚན་ཚང་མ་གནད་ལ་འཕིགས་པའི་བྱེད་ཐབས་ཤ་སྟག་རེད། འབྲེལ་ཡོད་པུའུ་ཨུད་ཀྱིས་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་སྐུལ་འདེད་བཏང་ཡོད།
         —ལོ་བཅུ་གསུམ་སོང་རྗེས་རྒྱལ་ཡོངས་ཀྱི་མི་རིགས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པའི་ཐོག་རྒྱལ་ཡོངས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་རིམ་བཞིན་་ལག་བསྟར་དང་དོན་འཁྱོལ་བྱས་ཡོད།
         —རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཚོགས་འདུ་བསྟུད་མར་འཚོགས་ཏེ་འབྲེལ་ཡོད་ལྷན་སྦྱར་ཡིག་ཆ་བཏོན་ཡོད།
         —མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད་བྱེད་ཐབས་ཁག་སྤྱད་པ་དང་འབྲེལ་དབྱེ་བ་ཡོད་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་པ་སྟེ། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་དང་གཙང་ལྷོའི་ས་ཁུལ་དང་། ཀྲོའུ་བཞི། རྒྱལ་མོ་རྔུལ་ཆུ་དང་། ལེའང་ཧྲན། ཉིང་ཞ་སོགས་དམིགས་བསལ་དཀའ་ངལ་གྱི་རང་སྐྱོང་ཀྲོའུ་བཅས་ལ་ཆེད་མངགས་སྲིད་ཇུས་དང་བྱེད་ཐབས་བཟོས་ཡོད།
         — གྲངས་ཉུང་མི་རིགས་སློབ་མར་མཐོ་རྒྱུགས་སྐར་སྣོན་སྲིད་ཇུས་ཁ་གསལ་བཟོས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་བྱུང་བ་དང་སློབ་གསོའི་ཆུ་ཚད་ཆ་མཚུངས་ཀྱི་ས་ཁུལ་དབར་ཧེ་བག་རིམ་གྱིས་ཆུང་དུ་ཕྱིན་ནས་ཚང་མ་འདྲ་མཉམ་བྱུང་ཡོད། སྐད་ཡིག་རིག་གནས་ཧེ་བག་ཆེ་ཙམ་དང་སློབ་གསོའི་སྤུས་ཚད་མཐོ་པོ་མེད་པའི་ས་ཁུལ་ལ་ལའི་གྲངས་ཉུང་མི་རིགས་ཀྱི་སློབ་མར་སྐད་གཉིས་ཀྱི་སློབ་གསོ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཆེད་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་པ་ཕུད། མཐོ་རྒྱུགས་ལ་སྐར་གྲངས་སྣོན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་མར་སློབ་གསོ་ལེགས་ཙམ་ཐོབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
         ལོ་གཉིས་རིང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ས་གནས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱུང་བ་དང་འབྲེལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
         དམ་བཅའ་ལེགས་སྒྲུབ། མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ།
         རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རིང་མི་རིགས་ས་ཁུལ་ནི་གཙོ་གནད་དང་། དཀའ་གནད། ཞན་ཆ་བཅས་ཡིན། བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། རྒྱལ་ཡོངས་ཀྱི་རང་སྐྱོང་ཀྲོའུ་30ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ལས་སྐྱོ་བ་ཡོད།
         མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ལོ་4སོང་ཚུན། ཁོང་གིས་མི་རིགས་ས་ཁུལ་དུ་ཐེངས་12ཕེབས་ཏེ་མི་རིགས་ས་ཁུལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་གཟིགས་པ་རེད། སའེ་པེ་རྩྭ་ཐང་ནས་ལྷོ་ནུབ་མཐའ་མཚམས་བར་དང་། ཐན་ཧྲན་རི་གཤམ་ནས་རྨ་ཆུའི་ངོགས་བར། ཧེ་ལུང་ཅང་གི་གཙང་འགྲམ་ནས་མཚོ་བོད་ས་མཐོ་བཅས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བཞག་ཡོད། ལྷག་པར་དུ་ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་རྟག་ཏུ་མི་རིགས་ས་ཁུལ་དང་། ནུབ་རྒྱུད་ས་ཁུལ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་བཅས་སུ་ཕེབས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་དུས་ཆེན་དགའ་གཏོང་གནང་གི་ཡོད།
         2013ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅིས་ཝུའུ་ལིང་ཧྲན་རི་ཁུལ་གྱི་ལྟེ་བར་གནས་པའི་ཤང་ཤིས་ཐུའུ་ཅ་རིགས་དང་མིའོ་རིགས་རང་སྐྱོང་ཀྲོའུ་ཧྥེང་ཧོང་རྫོང་དུ་ཕེབས་ནས་ལའོ་ཅ་ཆའོ་གྲོང་རྡལ་ཁྲང་ཕུའུ་ཐང་གྲོང་ཚོའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་གླེང་མོལ་གནང་བ་མ་ཟད། དབུལ་སྐྱོར་གསར་སྤེལ་དང་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
         2016ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིས་ཆར་པར་མ་འཛེམས་པར་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་གྱི་ཧུད་རིགས་དུད་ཚང་དབུལ་པོ་མཱ་ཁེ་དང་མཱ་ཁེ་ཅུན་གྱི་ཁྱིམ་དུ་ཕེབས་ཏེ་སྡོད་ཁང་དང་། སྒྲིག་བཀོད། བ་ཚང་། ལས་ཞུགས། ཡོང་འབབ། སློབ་ཞུགས། སྨན་བཅོས། སྤྱི་པའི་ཞབས་ཞུ་བཅས་ཀྱི་ཐད་ཞིབ་བཤེར་དང་བཀའ་འདྲི་ཞིབ་ཚགས་གནང་བའི་ཐོག་དབུལ་སྒྲོལ་བྱ་ཐབས་བཟོ་ཚུལ་དང་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དཀའ་སྤྱད་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་གྱི་རྩ་བའི་བྱེད་ཐབས་ཡིན་ཞེས་གསུངས་པ་རེད།
         “ངའི་སེམས་ནང་གྲངས་ཉུང་མི་རིགས་ཚང་མ་བཅངས་ཡོད”“ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་ནང་མི་གཅིག་ཀྱང་མ་ལུས་པ་དང་གྲངས་ཉུང་མི་རིགས་སུ་ཞིག་ཀྱང་མ་ལུས་པ་བྱས་ནས་ཚང་མ་ཕྱོགས་ཡོངས་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་དག་གིས་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད།