མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་རྒྱ་གར་གོ་ཨ་རུ་འབྱོར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་
འཛོམས་ཐེངས་བརྒྱད་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་རྒྱ་གར་གོ་ཨ་རུ་འབྱོར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་
འཛོམས་ཐེངས་བརྒྱད་པར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་རྒྱ་གར་གོ་ཨ་རུ་འབྱོར་ནས་རྒྱ་གར་གྱི་ཙུང་ལི་མོ་ཏིའི་གདན་ཞུས་ལྟར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བརྒྱད་པར་ཞུགས་པ་རེད།
         ས་ཆ་དེ་གའི་དུས་ཚོད་དགོང་དྲོའི་ཆུ་ཚོད་དང་པོའི་ཐོག་ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་གོ་ཨ་མཚོ་དམག་གནམ་ཐང་དུ་འབྱོར་བ་དང་། རྒྱ་གར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྐས་འཛེག་འགྲམ་དུ་ཕེབས་བསུ་ཞུས་པ་རེད།
         རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་བ་རེད།
         འདི་ལོ་ནི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ་10འཁོར་བའི་ལོ་རེད། ད་ཐེངས་མཇལ་འཛོམས་ཀྱི་བརྗོད་དོན་གཙོ་བོ་ནི“ཕན་འབྲས་དང་། བསྟུན་མཁས། ཐུན་མོང་བཅས་ཀྱི་ཐག་གཅོད་ཇུས་གཞི་གཏོད་དགོས”ཞེས་པ་དེ་རེད། མཇལ་འཛོམས་གནང་རིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ་རེད།
         ཞིས་ཅིན་ཕིང་གིས་བྷང་ག་ལར་རྒྱལ་དོན་འཚམས་འདྲི་གནང་རྗེས། གོ་ཨ་རུ་འབྱོར་ཞིང་། ས་ཆ་དེ་གའི་དུས་ཚོད་ཚེས་15ཉིན་གྱི་སྔ་དྲོར་ཞིས་ཅིན་ཕིང་བྷང་ག་ལའི་རྒྱལ་ས་ཏ་ཁ་ནས་ཞལ་གྱེས་པ་རེད། ཞལ་གྱེས་གནང་སྐབས་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་དང་སྲིད་གཞུང་ནང་བློན་ཁང་གི་པུའུ་ཀྲང་གཙོ་བོ་བཅས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།
         བྷང་ག་ལ་ནས་ཞལ་མ་གྱེས་གོང་། ཞིས་ཅིན་ཕིང་གིས་བྷང་ག་ལའི་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་ཕུལ་བ་རེད།

  
2016-10-14