མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བིའ་འཕྲིན། ཟླ་10ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱ་གར་གྱི་གོ་ཨ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་འཛིན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། ཟླ་གོང་མར་ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་རིང་གྲུབ་འབྲས་གཟེངས་སུ་ཐོན་པའི་མཇལ་འཛོམས་བྱས་ཏེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོས་འབྲེལ་ཡོད་གྲུབ་འབྲས་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་རིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་དངོས་གཞི་མིན་པའི་མཇལ་འཛོམས་གནང་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་གནང་བ་མ་ཟད། ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བརྒྱད་པའི་མཇལ་འཛོམས་ལ་ཕན་འབྲས་བཟང་པོ་ཐོན་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱི་ལོ་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཨུ་རུ་སུ་ཕྱོགས་ཚུད་པའི་ཕྱོགས་ཁག་དང་ལྷན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་ཡག་པོ་གཉེར་འདོད་ཡོད་ཅེས་གསུངས་པ་རེད།
         ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་ཁྱབ་ཁོངས་ཁག་དབར་སྤེལ་རེས་ཟབ་མོ་རྒྱུན་འཁྱོངས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཨུ་རུ་སུས་ཀྲུང་གོའི་དབར་གྱི་ཕྱོགས་མང་སྒྲོམ་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ནས་ཕྱི་ལོ་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་བདེ་བླག་ངང་གཉེར་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཨུ་རུ་སུའི་དཔལ་འབྱོར་རོགས་ཟླ་གལ་ཆེན་ཞིག་ཡིན་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་ནུས་རྒྱུ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། མཁའ་འགྲུལ་བཟོ་སྐྲུན། འཇིག་རྟེན་འཕུར་སྐྱོད་སོགས་ཐད་ཀྱི་ཁྱབ་ཁོངས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་གྲོས་གཞིའི་ཐད་འབྲེལ་མཐུད་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་དང་ཕུའུ་ཅིང་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཕྱོགས་གཉིས་པོས་སྤེལ་རེས་དང་མཐུན་སྦྱོར་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཨེ་ཤེ་ཡའི་ཤར་བྱང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དེ་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་རྒྱུའི་མོས་མཐུན་བྱས་པ་རེད།

  
2016-10-14