མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《ཀྲུང་གོའི་དབུལ་པོ་ཉུང་གཏོང་
བྱ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཡར་ཐོན་》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཡར་ཐོན་》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་དེ་ཁག་དྲུག་ལ་དབྱེ་བ་སྟེ། དབུལ་པོ་ཉུང་དུ་བཏང་བ་དེས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཕྱིན་པ་དང་། མི་འབོར་དབུལ་པོའི་འཚོ་གནས་དབང་ཆ་འགན་ལེན་བྱུང་བ། དམིགས་བཀར་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་ཐུབ་པ། ས་ཁུལ་དབུལ་པོའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་ཕྱིན་པ། དབུལ་པོ་ཉུང་གཏོང་བྱ་གཞག་དང་དབུལ་པོ་ཉུང་གཏོང་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་རྒྱུ་དེ་འགག་སྒྲོལ་དུས་མཚམས་སུ་སླེབས་པ་བཅས་སོ།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་སྤྱོད་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་ཐོན་བྱུང་བའི་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་ཤིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་སོང་རིང་། མི་འབོར་དབུལ་པོ་དུང་ཕྱུར་7ལྷག་ཙམ་དབུལ་པོའི་གནས་ལས་བསྒྲོལ་བ་དང་། 2015ལོའི་བར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་5575ཉུང་དུ་ཕྱིན་ནས་དབུལ་པོ་ཐོན་ཚད་5.7%ཆག་ཡོད། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་ལེན་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ། དབུལ་སྐྱོར་ལམ་སྲོལ་གསར་གཏོད་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ། མི་འབོར་དབུལ་པོའི་གཞི་རྩའི་ཁེ་དབང་མངོན་འགྱུར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་བཅས་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས་རྒྱལ་ཁབ་འདི་གའི་དབུལ་སྒྲོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་ལ་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་60ལྷག་ཙམ་སོང་རིང་། ཀྲུང་གོས་ཁྱོན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་166ལ་མི་དམངས་ཤོག་སྒོར་དུང་ཕྱུར་4000ཙམ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མི་སྣ་ཁྲི་60ལྷག་ཙམ་མངགས་པ། ཀྲུང་གོ་ནས་གཡར་བའི་དུས་ཚོད་ཐིམ་པའི་བུ་ལོན་ཟུག་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་སྐྱེད་མེད་དངུལ་བུན་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མེད་པ་བཟོ་རྒྱུ་སྔ་རྗེས་སུ་ཁྱབ་བསྒྲགས་ཐེངས་7བྱས་པ། རྒྱལ་ཁབ་69ལ་སྨན་བཅོས་རོགས་སྐྱོར་མཁོ་འདོན་བྱས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་120ལྷག་ཙམ་ལ་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་དོན་འཁྱོལ་བྱ་ཆེད་རོགས་སྐྱོར་མཁོ་འདོན་བཅས་བྱས་ཡོད་པ་རེད། 

  
2016-10-14