མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་ལས་རིགས་
སློབ་གསོའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱ་སྤྱོད་འཆར་གཞི་འདོན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཞིར་བཟུང་《ལས་རིགས་སློབ་གསོའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱ་སྤྱོད་འཆར་གཞི་(2016—2020ལོ་བར་)》མཉམ་འབྲེལ་ཐོག་པར་འགྲེམས་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བྱ་སྤྱོད་འཆར་གཞི་དེ་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་སྒྲོམ་གཞི་བརྒྱུད། ལས་རིགས་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། ལས་ཞུགས་དབུལ་སྒྲོལ་སྟོན་ཕྱོགས་སུ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་དང་བྱ་སྤྱོད་ཆེན་པོ་གསུམ་བཏོན་པ་སྟེ། གཅིག་ནས་ཤར་ནུབ་རྒྱུད་ཀྱི་ལས་རིགས་སློབ་གླིང་དབར་རོགས་ལས་བྱེད་པའི་བྱ་སྤྱོད་ཁྱོན་ཡོངས་ལ་ཁྱབ་པ་དང་། ཤར་རྒྱུད་ས་ཁུལ་གྱི་ལས་རིགས་སློབ་གསོའི་ཚོགས་པ་དང་། མཐོ་རིམ་ལས་རིགས་སློབ་གླིང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་ཆ་སྒྲིག་རོགས་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་དང་། གཉིས་ནས་ཤར་ནུབ་རྒྱུད་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་རོགས་ལས་མཐའ་འཁྱོངས་བྱེད་པའི་བྱ་སྤྱོད་སྤེལ་ནས་ཤར་རྒྱུད་ས་ཁུལ་གྱིས་མཐའ་འཁྱོངས་རྣམ་པའི་ཐོག་ནས་ནུབ་རྒྱུད་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་བསྡུས་ཏེ་སྤུས་ལེགས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་དུ་བཅུག་ནས་སློབ་གྲྭ་ཐོན་རྗེས་སློབ་མའི་འདོད་མོས་གཞིར་བཟུང་། ཤར་རྒྱུད་ས་ཁུལ་དུ་ལས་ཞུགས་བྱ་རྒྱུ་སྔོན་ལ་འོས་སྦྱོར་བྱས་ཏེ་ལས་ཞུགས་དབུལ་སྒྲོལ་ཐུབ་པ་བྱེད་པ། གསུམ་ནས་ལས་རིགས་སློབ་གླིང་ཤར་ནུབ་རྒྱུད་ཀྱི་ངལ་ནུས་རོགས་ལས་ནང་ཕྱོགས་ཡོངས་ནས་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཡོད་པ་མ་ཟད། ལས་རིགས་གསོ་སྦྱོང་ནང་ཞུགས་འདོད་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་རོགས་རམ་བྱས་ནས་ཚང་མར་ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་དགོས་མཁོ་དང་འཚམ་པའི་སྤྱི་ཕན་རང་བཞིན་གྱི་ལས་རིགས་གསོ་སྦྱོང་བཅས་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་འཆར་གཞི་བཏོན་པ་དེས་ལས་རིགས་སློབ་གསོའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱེད་ཤུགས་སྔར་བས་ཆེ་རུ་དང་ལས་རིགས་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་བྱས་ནས“སློབ་གསོ་འཕེལ་རྒྱས་བཏང་སྟེ་ཁག་གཅིག་དབུལ་སྒྲོལ་ཡོང་བ་བྱེད་པའི”ལས་འགན་གལ་ཆེན་ལེགས་སྒྲུབ་དང་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ཡག་པོ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་རེད།

  
2016-10-19 2016-10-14