ཞིས་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ།
མི་དམངས་དྲ་བའི་འཕྲིན། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཟླ་10ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།
སྐབས་དེར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་གོ་དྲ་རྒྱའི་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་དྲ་བ་བཅས་ཀྱིས་དུས་མཉམ་དུ་ཐད་གཏོང་བྱ་རྒྱུ་རེད།