མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་
ཚོགས་《ནམ་ཡང་སྐྱོད་བཞིན་པའི་རྒྱང་སྐྱོད་》ཅེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་
ཚོགས་《ནམ་ཡང་སྐྱོད་བཞིན་པའི་རྒྱང་སྐྱོད་》ཅེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་པ།

         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་འཁྲབ་སྟོན་ལ་གཟིགས་པ། 
         མི་དམངས་དྲ་བའི་འཕྲིན། ལ་ཀླུང་མང་པོ་སྒྲོལ་ཏེ་བརྗིད་ཆེའི་ལོ་རྒྱུས་ཀྱི་སྙན་ངག་བརྩམས། ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད། ཚེས་19ཉིན་གྱི་དགོང་མོ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས་《ནམ་ཡང་སྐྱོད་བཞིན་པའི་རྒྱང་སྐྱོད་》ཅེས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་རྒྱལ་སའི་མང་ཚོགས་3000ལྷག་ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ནས་འོད་སྟོང་འབར་བའི་ལོ་ཟླར་ཕྱིར་དྲན་གནང་བ་རེད།
         མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། ཐོག་སོ་གཉིས་པའི་བར་འཁྱམས་ཐོག“བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། གར་སྟེགས་ཀྱི་གཡས་གཡོན་གཉིས་སུ་སྐར་ལྔའི་དར་དམར་མཐོན་པོར་བཀལ་ཡོད་པ་དེ་ཐོག་ནས་རླབས་ཆེའི་གསར་བརྗེས་འོད་སྟོང་འབར་བའི་མདུན་ལམ་ལ་ཁྲིད་སྟོན་བྱེད་པ་མངོན་ཞིང་། “1936ལོ་ནས་2016ལོ་བར”ཞེས་པའི་མངོན་གསལ་དོད་པའི་ཡིག་འབྲུ་དེ་ཐོག་ནས་རྒྱལ་ཁའི་ལོ་རབས་མཚོན་བཞིན་མཆིས།
         ཆུ་ཚོད་19དང་སྐར་མ་55ཙམ་ལ་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་ཁང་ཆེ་མོར་ཕེབས་ཏེ་དམར་དམག་རྒན་གྲས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་བཏང་སྟེ་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། མཉམ་གཞས་ཚོགས་པས་བཏང་བའི་《སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་》ཞེས་པའི་གླུ་གཞས་ཁྲོད་མཚན་ཚོགས་འགོ་ཚུགས་པ་དང་། གླུ་གཞས་《རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་》ཅེས་པས་མཚན་ཚོགས་ཀྱི་རྣམ་པ་དེ་བས་འཁྲུག་ཆ་དོད་པར་གྱུར།
         མཚན་ཚོགས་ཧྲིལ་པོ་ལོ་རྒྱུས་སྙན་ངག་ཆེ་གྲས་ཀྱི་རྣམ་པ་སྤྱད་པའི་ཐོག་རོལ་དབྱངས་དང་། ཞབས་བྲོ། ཟློས་གར། འཁྲབ་སྟོན། རྒྱུད་ལམ་སྣེ་མང་སོགས་གར་སྟེགས་ཀྱི་བྱ་ཐབས་སྤྱད་པ་དེ་ཐོག་ནས་རྒྱང་སྐྱོད་ལམ་བུའི་ཐོག་གི་དམར་དམག་འཐབ་འཛིང་པ་རྣམས་ཀྱི་ཁྲག་དྲོན་བཏོན་པའི་དམག་འཐབ་དང་དཀའ་ངལ་ཁྱད་བསད་ཀྱི་དམག་འཐབ་ཀྱི་འཚོ་བ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་དད་སེམས་བརྟན་པོ་དང་། ཕུགས་བསམ་དོན་གཉེར། རང་སྲོག་བློས་གཏོང་། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས། རྒྱང་སྐྱོད་སྙིང་སྟོབས་ཀྱི་ལོ་རྒྱུས་རྒྱུན་འཛིན་དང་དུས་རབས་གསར་པའི་ནང་དོན་བཅས་མངོན་པ་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཉེན་ཁ་ལས་སྐྱོབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་བྱེད་པའི་སྲོག་ཤིང་གི་ནུས་པ་སྔར་བས་མངོན་ཡོད་ལ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པའི་དད་སེམས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་འགྲིལ་ཡོད།
         པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཀྱིས་མཚན་ཚོགས་གཟིགས་པ་རེད།
         མཚན་ཚོགས་གཟིགས་མཁན་གྲས་སུ་ད་དུང་། དམར་དམག་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་། ཀྲུང་དབྱང་ཏང་སྲིད་དམག་དམངས་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་ཡོད་པ་རེད།

  
2016-10-19 2016-10-14