མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་
ཡུག་གཙང་མ་ཡོང་བ་བྱེད་དགོས་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་31ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         “ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དེ་ནི་ཏང་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དེ། ཏང་གི་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་དང་འབྲེལ་བ་ཡོད” ཉིན་ཤས་ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཚང་མས་དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དུ་མ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱ་རྒྱུ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
         ས་གནས་ཁག་གི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པའི་རྣམ་པ་གསར་པ་བཏོད་ནས་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་བྱུང་བའི་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཀྱང་ཐོབ་ཡོད། རླབས་ཆེའི་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
          ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། དུས་བབ་གསར་པའི་འོག་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་གསར་པ་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་ཐོབ་པའི་གྲུབ་འབྲས་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་གང་ལེགས་མངོན་ཡོད་ལ། ཏང་ཡོངས་ཀྱི་ཐུན་མོང་འབོད་སྒྲ་ཡང་མཚོན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
          ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནི་དམངས་སེམས་ཀྱི་རེ་སྒུག་དང་མཐུན་པ་ཞིག་ཡིན། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོས་རུལ་སུངས་ལ་ཆད་གཅོད་དང་བཟང་བསྟོད་ངན་སྨད་བྱས་པར་བརྟེན་ཏང་དོ་དམ་དང་ཏང་སྐྱོང་རྒྱུའི་ཐད་དགེ་མཚན་ལྡན་པའི་འགྱུར་ལྡོག་ཆེན་པོ་བྱུང་ནས་ཏང་སེམས་དང་དམངས་སེམས་ཀྱང་ཐོབ་ཡོད”ཅེས་ཧུའུ་པེ་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེང་ཧུར་པོས་དེ་ལྟར་བཤད།
          ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་བས་ནན་དུ་བཏང་ནས་ཡིན་མིན་ཆེན་པོའི་ཐད“དམར་ཐིག”བཟོས་པ།
         ཏང་གིས་ཏང་ལ་དོ་དམ་བྱེད་པར་དང་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་དོ་དམ་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་བར་དང་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་ནས་འགོ་འཛུགས་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཚད་གཞི་》དང་《སྲོལ་ཡིག་》གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་ཡོང་བའི་ཐད་ལམ་ལུགས་ཀྱི་བཀོད་སྒྲིག་གསར་པ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཅང་སུའུ་ཐའེ་ཚང་གྲོང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཙའོ་ཧུང་ཁའེ་ཡིས“ས་གནས་ཤིག་གི་ཏང་སྲོལ་སྲིད་སྲོལ་ཡག་པོ་ཡོད་མེད་དང་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་ཡག་པོ་ཡོད་མེད་དེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་མཐའ་འཁྱོངས་ནན་པོ་བྱས་ཡོད་མིན་དང་འབྲེལ་བ་ཟབ་མོ་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་ཡོང་བ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་མ་ཟད། དུས་སྐབས་གསར་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གཞི་རྩའི་བླང་བྱ་གསར་པ་ཡང་གསལ་སྟོན་བྱས་ཡོད”ཅེས་བཤད།
         ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ཐད་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་དགོས།
          དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ་ཏང་གི་སྒྲིག་ཡིག་དང་སྒྲིག་ལམ་ལ་སྲུང་བརྩི་ཞུ་བ་དང་། ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས། མིག་དཔེ་སྔོན་ལ་འདོན་པ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོར་མིག་དཔེ་འདོན་ཐུབ་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ།
          བོད་ལྗོངས་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་སློབ་སྦྱོང་བྱས་ཤིང་། ཆབ་སྲིད་ཨུ་ཡོན་ཉི་མ་བསྟན་འཛིན་གྱིས“ཞིབ་བཤེར་ས་ཚིགས་ཀྱི་ཏང་ཨུད་ཧྲུའུ་ཅི་ཡིན་པའི་ངས། ཏང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུར་སྣེ་ཁྲིད་ཡག་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་ཏང་ཁྲིམས་སྲུང་མཁན་དང་ལག་བསྟར་བྱེད་མཁན་ཞིག་བྱས་ཏེ་འཐབ་ནུས་འཕེལ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བཤད།
           ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད་ཅེས་བཤད།

  
2016-10-19 2016-10-14