མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་
ཚོགས་ཐེངས་དྲུག་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད། བཙན་ཞིང་ནན་པའི་སྒྲིག་ཁྲིམས་ཐོག་ནས་ཏང་ནན་པོས་སྐྱོང་། 
         ཉིན་ཤས་བསྟུད་མར་ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་གི་སྲོག་ཤིང་དུ་འགྱུར་བ་ནི་ཏང་ཡོངས་ཀྱི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆའི་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ནང་ས་གནས་དང་སྡེ་ཚན་དང་དེ་བཞིན་དམག་དཔུང་ཚང་མས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་འགྱུར་རྒྱུའི་རེ་བ་བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚང་མས་གཅིག་གྱུར་ཐོག “བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་པ་དངོས་སུ་བཏོན་པ་དང་། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་དངོས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཀུན་གྱིས་རེ་བ་བཅོལ་ས་དང་། ངོ་གནོང་མི་དགོས་པ། མིང་དོན་མཚུངས་པ་བཅས་ཡིན་པ་ར་འཕྲོད་བྱུང་བའི་ངོས་འཛིན་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གནས་བབ་ཁ་གསལ་བྱུང་བ་དེ་ཐོག་ནས་ཏང་ཡོངས་ཀྱི་ཐུན་མོང་གི་བློ་སྟོབས་མཚོན་ཡོད་ལ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་བཅས་ཀྱི་ཐུན་མོང་བསམ་འདུན་ཡང་མཚོན་ཐུབ་པའི་ངོས་འཛིན་བྱས་པ་རེད།
         ཚང་མས་ངོས་འཛིན་བྱས་དོན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་འགན་ལེན་བྱེད་དགོས།
         བོད་ལྗོངས་ཆུ་གསུམ་རྫོང་ཆུ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་ཏང་ཡོན་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ཏང་ཀྲུང་དབྱང་ལ་ཕྱོགས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་པ། བློ་གཅིག་སེམས་གཅིག་ངང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་བྱས་ནས་མི་སེར་འབྱོར་ཕྱུག་དང་། ཁམས་བདེ། བློ་བདེ་བཅས་ཀྱི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།
         ཧའེ་ནན་སན་ཡ་གྲོང་ཁྱེར་ཐན་ཡ་ཆུས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཐང་ཅན་ཝེ་ཡིས་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་འཐབ་ས་མདུན་མར་ལག་བསྟར་དོན་འཁྱོལ་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་སྟོབས་ཤུགས་གོང་བུ་གཅིག་འགྲིལ་དང་དམངས་ཆེད་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་སླད་ཕྱིན་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་མིག་ལྟོས་ཀྱི་འདུ་ཤེས་ཟམ་མི་ཆད་པར་་ཟབ་ཏུ་བཏང་སྟེ་ཏང་ཀྲུང་དབྱང་གི་འབོད་སྐུལ་ཁག་སྔ་བར་ཕྱི་གསུམ་དུ་དང་ལེན་ཞུ་དགོས་ཞེས་བཤད་པ་རེད།
         ཀྲེན་ཀྲོའུ་ལྕགས་ལམ་ཅུས་ཀྲེན་ཀྲོའུ་འགྲུལ་སྐྱེལ་ལམ་དུམ་ཏང་ཨུད་ཀྱི་ཧྲུའུ་ཅི་ཐུང་ཡུང་ཆང་གིས“སྒྲིག་ཁྲིམས་ནན་སྲུང་ནི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་ཞིག་ཡིན” “ལེ་དབར་ཁྲི་ཡི་རྒྱང་སྐྱོད་དང‘པེ་ཅིང་དུ་རྒྱུགས་འབུལ’ཞུ་མཁན་ཡིན་ནའང་འདྲ་ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དུས་སྐབས་དང་སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གང་ཞིག་ཡིན་རུང་ཏང་གིས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་ནི་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ཡོད་པས་ཡིན། ཏང་ཡོན་ཚང་མའི་སེམས་ནང་སྔ་བར་ཕྱི་གསུམ་དུ་སྒྲིག་ཁྲིམས་ཀྱི‘གློག་ཆེན’ཞིག་ཡོད་པ་བྱས་ཐོག་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་རྒྱུན་གཏན་གྱི་གོམས་གཤིས་སུ་འགྱུར་བ་བྱེད་དགོས”ཞེས་བཤད་པ་རེད།
         “ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་ནི་སྨོས་མེད་ཅིག་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་སྐབས་ངེས་པར་དུ་སྔོན་ལ་སྒྲིག་ཁྲིམས་ལག་ལེན་བསྟར་དགོས”ཞེས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཞིབ་ཀློག་བྱེད་མཁན་པེ་ཅིང་གྲོང་ཁྱེར་ཧོའེ་རོའུ་ཆུས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀེས་དེ་ལྟར་བརྗོད་ཅིང་། ཁོང་གིས“བསྡོམས་རྩིས་འཐབ་ཕྱོགས་ཀྱི་ཏང་ཡོན་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་གཞིར་བཟུང་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཏེ་གཡོ་ཟོལ་རྫུན་སྒྲིག་དང་རྫུན་ཞུ་འུད་སྒྲོག་གི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས”ཞེས་བཤད་པ་རེད།
         “མི་དམངས་ནི་ཏང་གི་སྲིད་སྐྱོང་འབྱུང་རྩ་དང་རྨང་གཞི་ཡིན”ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ཀོང་ཀྲོའུ་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་ཟླ་10ཚེས་28ཉིན་པ་ཁྲུའུ་རྫོང་གི་ཉེ་འགྲམ་་ཙེ་ལེ་ཁེ་གྲོང་ཚོར་བསྐྱོད་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་སྤེལ་བ་དང་ཡུ་གུར་རིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་30དང“ཆ་སྒྲིག་གཉེན་འཚོལ”བྱས་པ་རེད། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་པུའུ་ཏུའུ་ཨུ་ཕུའར·ཨའེ་མའེ་ཐིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བླང་བྱ་གཞིར་བཟུང་། རྫོང་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་དང་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྐུལ་སློང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཞེས་བཤད་པ་རེད།
         ཏང་ལོ་30ཙམ་ལ་སླེབས་པའི་ཀོང་ཤིས་ཏུང་ཤིང་གྲོང་ཁྱེར་ཏུང་ཤིང་གྲོང་རྡལ་ཀྲུང་ཧྲན་སྡེ་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་ཙོའུ་ཀོང་ཚའེ་ཡིས་ནམ་བཞག་རྒྱུན་དུ་ནས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་བློ་ལ་བརྟན་པོར་ངེས་དགོས་པ་ལས། མང་ཚོགས་ཀྱི་བདེ་སྡུག་ལ་སྣང་ཆུང་གཏན་ནས་བྱ་རྒྱུ་མེད་ལ་མང་ཚོགས་ཀྱི་ཁེ་ཕན་ལ་དེ་བས་གནོད་འཚེ་གཏོང་རྒྱུ་མེད། མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཡིན་ཕྱིན་འཕྲལ་མར་ཐབས་བརྒྱ་ཇུས་སྟོང་ངང་ཐག་གཅོད་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཐུབ་ཅེས་བཤད་པ་རེད།

  
2016-10-19 2016-10-14