མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གོ་སྐབས་དམ་འཛིན་དང་། ངར་ཤུགས་གཅིག་སྒྲིམ། བབ་བསྟུན་འཕྲལ་
སྒྲུབ་བཅས་ཀྱི་སྒོ་ནས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་
བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་05ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་གོ་སྐབས་དམ་འཛིན་དང་། ངར་ཤུགས་གཅིག་སྒྲིམ། བབ་བསྟུན་འཕྲལ་
སྒྲུབ་བཅས་ཀྱི་སྒོ་ནས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་
བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2དང་3ཉིན་ཀྲུང་དབྱང་དམག་ཨུད་ཀྱི་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་བྱ་རྒྱུ་ནི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་དང་། རང་དམག་གི་རྩ་འཛུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་དམག་དོན་སྟོབས་ཤུགས་མ་ལག་གཏོད་པའི་འགག་རྩའི་གོམ་སྟབས་ཤིག དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་གཏོད་པར་ངེས་པར་དུ་བརྒྱུད་དགོས་པའི་འགག་སྒོ་ཞིག་བཅས་རེད། དམག་ཡོངས་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གྱི་འཐབ་ཇུས་མཐོ་ཚད་ཐོག་ལངས་ཏེ་གོ་སྐབས་དམ་འཛིན་དང་། ངར་ཤུགས་གཅིག་སྒྲིམ། བབ་བསྟུན་འཕྲལ་སྒྲུབ་བཅས་ཀྱི་སྒོ་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་སྒྱུར་བཅོས་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་གསར་པ་དེ་བས་ཆེ་བ་སྤོས་ཏེ་རྣམ་པ་གསར་རྐྱང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་བྱེད་པའི་སྤྱིའི་བསམ་ཕྱོགས་ནི་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁྲིད་སྟོན་དུ་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། དམག་གྲ་བསྒྲིགས་ནས་དམག་རྒྱག་རྒྱུར་དམིགས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་རྒྱུར་དམིགས་པ། འཐབ་ཇུས་བྱེད་ཕྱོགས་ཁག་དང་བདེ་འཇགས་ཁྱབ་ཁོངས་ཀྱི་དངོས་ཡོད་ཀྱི་འཇིགས་སྐུལ་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པ། གྲུབ་ཆ་ལེགས་སྒྲིག་དང་། སྟོབས་ཤུགས་གསར་པ་འཕེལ་རྒྱས། བསྡུར་ཚད་གལ་ཆེན་གྱི་འབྲེལ་བར་བསྟུན་པ། གྲངས་འབོར་དང་གཞི་ཁྱོན་ཆུང་དུ་གཏོང་བ་བཅས་ཀྱི་བླང་བྱར་གཞིགས་པ། རང་དམག་གྲངས་འབོར་གཞི་ཁྱོན་ཅན་ནས་སྤུས་ཚད་ནུས་ཕྱོད་ཅན་བར་དང་མི་ཤུགས་རུབ་འདུས་ཅན་ནས་ཚན་རྩལ་རུབ་འདུས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། དཔུང་སྡེའི་སྒྲིག་ཁོངས་འཐུས་སྒོ་ཚང་པོ་དང་། མཉམ་སྒྲིག ནུས་མང་། སྟབས་བསྟུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཆ་འཕྲིན་ཅན་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་པའི་ཀྲུང་གོའི་ཁྱད་ལྡན་གྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་ཅིག་གཏོད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་ཀྱི་འཐབ་ཇུས་བྱེད་ཐབས་སྟངས་འཛིན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་གཞི་གསར་པའི་འོག་མཉམ་འགུལ་དམག་འཐབ་རྒྱག་པའི་སྟོབས་ཤུགས་མ་ལག་གཏོད་རྒྱུར་མཐོང་ཆེན་དང་། གྲུབ་ཆ་དང་ནུས་པ་ལེགས་སུ་གཏོང་བར་བརྟེན་ནས་གཞི་ཁྱོན་ལེགས་སྒྲིག་ལ་སྣེ་ཁྲིད་བྱ་རྒྱུར་མཐོང་ཆེན། ཚད་བརྒལ་གལ་ཆེན་ལ་བརྟེན་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བཅས་བྱེད་དགོས། གྲངས་འབོར་ཉུང་དུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམག་ཤུགས་གཞི་ཁྱོན་གྲུབ་ཚུལ་ལེགས་སུ་བཏང་ནས་ཧྲག་པོ་དང་ནུས་ཆེའི་དེང་རབས་ཅན་གྱི་རྒྱུན་གྲབས་དམག་དཔུང་ཞིག་གཏོད་དགོས། མ་ལག་གཏོད་པ་དང་གཅིག་སྡུད་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྟོབས་ཤུགས་གྲུབ་ཆའི་བཀོད་སྒྲིག་ལེགས་སྒྲིག་བྱས་ནས་དམག་རྒྱག་པའི་སྟོབས་ཤུགས་རྩེ་གྲ་གཏོད་རྒྱུ་གཙོ་བོར་བྱེད་པའི་མཉམ་འགུལ་དམག་འཐབ་རྒྱག་པའི་སྟོབས་ཤུགས་མ་ལག་ཅིག་གཏོད་དགོས། དགོས་མཁོའི་སྣེ་ཁྲིད་དང་གསར་གཏོད་ཡར་སྐུལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམག་རྒྱག་པའི་དཔུང་སྡེའི་སྒྲིག་ཁོངས་སྒྱུར་བཅོས་བྱས་ནས་ནུས་མང་མཉམ་འདུས་དང་རྒྱ་ཁྱབ་དམག་རྒྱག་དང་མཐུན་པའི་དཔུང་སྡེ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

  
2016-12-01 2016-11-30